ཟླ3པའི་ཚེས10ཉིན། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཧུང་ཧྲུའེ་གྲོང་རྡལ་ཏེན་ཙི་གྲོང་ཚོའི་ཞིང་ལས་ལ“བྱང་སྐར་ཕྱོགས་སྟོན་”མ་ལག་བཙུགས་པའི་མི་མེད་འདྲུད་འཐེན་འཕྲུལ་འཁོར་གྱིས་སྔོན་བཀོད་ཀྱི་རྗེས་ཤུལ་བརྒྱུད་ནས་གོ་རིམ་ལྡན་པའི་སྒོ་ནས་ས་ཞིང་རྨོ་འདེབས་བྱས།དེའི་སྟེང་ནས་ལེ་ཏུའུ་ཆུས་ཀྱིས་ཞིང་ལས་ལ་“ཀྲུང་གོའི་ཉིང་ལྷེབ”ཡོད་པ་མཚོན་ལ།ཞིང་ཁྱིམ་གྱིས་བྱང་སྐར་ཕྱོགས་སྟོན་ལག་རྩལ་ལ་བརྟེན་ནས། སྲོལ་རྒྱུན་གྱི“ཞིང་འདེབས་ཤེས་པ”ནས“ཞིང་འདེབས་པར་མཁས་པའི”ཕྱོགས་སུ་བསྐྱོད་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་མིས་བཟོས་ཞིང་ལས་འཕྲུལ་འཁོར་ལ་བརྟེན་ནས་ས་ཞིང་རྨོ་བ་དང་རྣང་མ་བསྐྲུན་པའི་ལས་ཀར་ཞུགས་དགོས་ཚེ་ལས་ཕྱོད་དམའ་བར་མ་ཟད། ལས་སྒྲུབ་ཞིབ་ཚགས་ཡོང་བར་འགན་ལེན་བྱེད་པར་ཡང་ཤིན་ཏུ་དཀའ་བས་ཞིང་ལས་ལོ་ཏོག་གི་སྐྱེ་འཚར་དོ་སྙོམས་མིན་པར་ཆགས་ཡོད། ད་ལྟ་རྨོ་ཞིང་གི་རིམ་པར་བྱང་སྐར་ཕྱོགས་སྟོན་མ་ལག་བཀོལ་སྤྱོད་ལ་བརྟེན་ནས་ལག་ལེན་མི་སྣས་མཐའ་སྣེ་རུ་དཔྱད་གྲངས་སྟབས་བདེ་བཀོད་སྒྲིག་བྱས་ཚེ། འདྲུད་འཐེན་འཕྲུལ་འཁོར་གྱིས་བཀའ་བརྡ་ལྟར་རང་འགུལ་གྱིས་ལས་སྒྲུབ་ལེགས་འགྲུབ་བྱེད་ཐུབ་ལ།བར་ཐག་དང་གཏིང་ཚད་སྙོམས་པོར་གཏོང་ཐུབ་པས།ཐོན་སྐྱེད་ལས་ཕྱོད་དང་སྤུས་ཚད་ཆེས་ཆེར་ཇེ་མཐོར་སོང་ཡོད། སོན་འདེབས་ཀྱི་རིམ་པར་རིག་ལྡན་སོན་འདེབས་འཕྲུལ་འཁོར་དང་བྱང་སྐར་ཕྱོགས་སྟོན་གཉིས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་ས་རྒྱུའི་ཆ་རྐྱེན་དང་ལོ་ཏོག་གི་སྣ་ཁ་གཞིར་བཟུང་སྟེ།
སོན་འདེབས་བྱེད་ཚད་དང་གཏིང་ཟབ་ཚད་རང་འགུལ་ངང་ལེགས་སྒྲིག་བྱས་ནས་ས་བོན་རེ་རེར་འཚམ་པའི་ཁོར་ཡུག་བཟང་ཤོས་ཀྱི་ཁྲོད་དུ་གསོ་སྐྱོངས་ཐུབ་པར་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ལི་ཏུའུ་ཆུའུ་ཡིས་ད་དུང་བྱང་སྐར་ཕྱོགས་སྟོན་དེ་ཆུ་ལུད་གཞི་གཅིག་ཅན་གྱི་ཆུ་འདྲེན་མ་ལག་སྤྱད་དེ་ས་གནས་དེའི་ཞིང་ལས་སྔོན་གྱི“ཆུ་ཆེན་དལ་འདྲེན”གྱི་རྩིབ་སྤྱོད་བྱེད་སྟངས་མཇུག་སྒྲིལ་ཏུ་བཅུག ཞིང་ནང་དུ་བཞག་པའི་ཚོར་འདྲེན་ཆས་ཀྱིས་དུས་ཐོག་ཏུ་ས་རྒྱུའི་བརླན་ཚད་སོགས་ཀྱི་གཞི་གྲངས་བསྡུ་རུབ་བྱས་ཏེ། བྱང་སྐར་བརྒྱུད་དེ་གནད་ལ་འཁེལ་བའི་གནས་ཐིག་གཏན་འཁེལ་བྱས།
མ་ལག་གིས་ས་ཞིང་རེ་རེའི་ཆུ་འདྲེན་ཚད་དང་ལུད་འཇོག་ཚད་ཞིབ་ཚགས་ངང་རྩིས་རྒྱག་ཐུབ་པ་དང་། ཆུ་འདྲེན་གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པའི་ལུད་འཇོག་སྟངས་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ཆུའི་ཐོན་ཁུངས་དང་ལུད་འཇོག་ཚད་ཀྱང་གྲོན་ཆུང་བྱས་ཏེ། ཞིང་ལས་ལོ་ཏོག་གི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད།
མིག་སྔར་ལི་ཏུའུ་ཆུའུ་ཡིས་ཞིང་ལས་སྔར་བས་ཕན་ནུས་ཆེ་བ་དང་། རིག་ལྡན་ཅན། ལྗང་མདོག་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱས་ནས་སྔོན་ལ་བྱང་སྐར་ཕྱོགས་སྟོན་གྱི་མི་མེད་འཕུལ་འཁོར་མ་ལག་ནང་འདྲེན་བྱས་ཡོད།
བྱང་སྐར་ཕྱོགས་སྟོན་ལག་རྩལ་རྒྱུན་ཆད་མེད་པར་རིམ་སྤོར་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། ཞིང་ལས་ཐོན་སྐྱེད་ལ“ཤེས་རབ་ཀླད་ཆེན”སྒྲིག་སྦྱོར་བྱས་པ་དང་འདྲ་བས། ཞིང་ལས་འཕྲུལ་ཆས་ཀྱི་ལས་ཕྱོད30%ཡན་ཇེ་མཐོར་སོང་ཡོད།སྔོན་ཆད་མིས་བཟོས་ཞིང་ལས་འཕྲུལ་ཆས་བསྐོར་ནས་ཉིན་རེར་མང་རྩིས་བྱས་ན་སྤྱི་ཆིང3.35བཏབ་ཡོད་མོད། ད་ལྟ་མི་མེད་ཞིང་ལས་འཕྲུལ་འཁོར་གྱིས་སྤྱི་ཆིང5.35ལས་སླ་མོའི་སྒོ་ནས་ཞིང་ལས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་རིག་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན།