མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

  2025-03-11 15:56:05 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚེས10ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡི་མངགས་བཅོལ་ལྟར། ལིས་ཧུང་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཆོད་དོན་འཆར་ཟིན་ལ་ནན་ཏན་གྱིས་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་ལྟར། ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཆོད་དོན་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་བཏོན། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲོན་དབྱིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། གོང་གི་སྙན་ཞུ་དང་ཆོད་དོན་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་བྱུང་བ་དང་། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོ་དང་ཚེས10ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་ངོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་གཅིག་རིང་གི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་། གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་སྙན་ཞུ་དང་དམངས་ཆེན་གྱི་བྱ་བར་བསམ་འཆར་དང་གྲོས་གཞི་འགའ་རེ་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ནས། སྙན་ཞུར་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་དང་སྙན་ཞུའི་བཟོ་བཅོས་གནས་ཚུལ་ལྟར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཆོག་མཆན་འགོད་པའི་གྲོས་གཞི་བཏོན་པར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཆོད་དོན་འཆར་ཟིན་ཚབ་ཏུ་བྲིས། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ3པའི་ཚེས9ཉིན་གྱི་ཉིན་ཧྲིལ་བོ་དང་ཚེས10ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འདས་པའི་ལོ་ངོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་ངོ་གཅིག་རིང་གི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་། གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་བསམ་འཆར་དང་གྲོས་གཞི་རེ་འགའ་བཏོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། སྙན་ཞུར་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་དང་སྙན་ཞུའི་བཟོ་བཅོས་གནས་ཚུལ་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཆོག་མཆན་འགོད་པའི་གྲོས་གཞི་བཏོན་པར་མ་ཟད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་གཉིས་ཚབ་ཏུ་བྲིས། གྲོས་ཚོགས་བརྡས་ཐག་བཅད་པ་བརྒྱུད། གྲོས་ཆོད་འཆར་ཟིན་གཉིས་པོ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

གྲོས་ཚོགས་ལས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲུན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་གྲོས་གཞི་བསྒྲུབ་པའི་བསམ་འཆར་བཏོན་པའི་སྙན་ཞུར་ཉན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རེ་རེ་ནན་ཏན་གྱིས་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པའི་གྲོས་གཞིའི་ནང་འཇོག་པའི་དགོས་པར་འདོད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་སོ་སོར་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གི་གྲོས་གཞིར་གྲོས་ཞིབ་བྱས་རྗེས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་འབུལ་བ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་འགྲེམ་སྤེལ་བྱས། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞི་གྲོས་ཞིབ་དང་འབྲེལ་ཡོད་བྱ་བའི་ཐད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཁྲིམས་འཛུགས་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་དངོས་འབེབས་བྱེད་པ། 

ཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་གིས་བཅོས་སྒྱུར་གྱི་འགོག་ཤུགས་མེད་པར་གཏོང་བ་དང་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་ཁྲོད་ཀྱི་བྱེད་ནུས་སྔར་ལས་ལེགས་པོ་འདོན་པ། ཚན་རིག་གི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཁྲིམས་འཛུགས་སྤུས་ཚད་ཇེ་མཐོར་གཏོང་བ། འབྲེལ་གཏུག་འཐུས་མིའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། འཐུས་མི་ཁྲིམས་འཛུགས་བྱ་བར་ཞུགས་ཚད་རྒྱུན་མཐུད་སྒོས་ཇེ་མང་དུ་གཏོང་བ་བཅས་ཀྱི་གྲོས་གཞི་བཏོན།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་གྲོས་གཞི་བསྒྲུབ་པའི་བསམ་འཆར་བཏོན་པའི་སྙན་ཞུར་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།