མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་གཞི269འབྱོར།

  2025-03-11 10:32:46 

གསར་འགོད་པས་ཚེས9ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚེས8ཉིན་གྱི་དུས་ཚོད་བཅུ་གཉིས་བར་དུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་གྲོས་གཞི269འབྱོར། དེའི་ཁྲོད། འཐུས་ཚབ་ཚོགས་པས་བཏོན་པའི་གྲོས་གཞི26དང་། འཐུས་མི་སུམ་ཅུའི་ཡན་གྱིས་མཉམ་འབྲེལ་བྱས་ནས་བཏོན་པའི་གྲོས་གཞི243ཡོད། གྲོས་གཞི་དེ་དག་ཁྲོད་ཀྱི་མང་ཆེ་ཤོས་ནི་བཅའ་ཁྲིམས་ཐད་ཀྱི་གྲོས་གཞི་རེད།

དེ་ལས་གཞན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མིའི་གྲོས་གཞི་སྟོང་བརྒྱད་ལྷག་འབྱོར།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།