མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་སྒོས་གྲོས་སྡུར་བྱས།

  2025-03-09 22:26:17 

ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་སོ་སོར་རང་ཡོད་སའི་ཚན་ཆུང་གྲོས་ཚོགས་སུ་ཞུགས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་སྒོས་གྲོས་སྡུར་བྱས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་ན། སྙན་ཞུ་གཉིས་ནི་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་སེམས་པ་གཅིག་ཏུ་ཕྱོགས་པའི་ཆབ་སྲིད་ཀྱི་སྙན་ཞུ་ཞིག་དང་། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དང་མཉམ་སྐྱོད་བྱེད་པའི་འགན་སྒྲུབ་སྙན་ཞུ་ཞིག་ཡིན་ལ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་རེ་ལྟོས་ལ་ཁ་ཕྱོགས་པའི་དམངས་སེམས་མཚོན་པའི་སྙན་ཞུ་ཞིག་རེད་ལ། ཐོག་མཐའ་བར་གསུམ་དུ་དུས་རབས་དང་མཉམ་དུ་བསྐྱོད་པའི་བཅོས་སྒྱུར་གྱི་སྙན་ཞུ་ཞིག་རེད། ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་གཅིགས་འདོམས་བྱས་ཤིང་། དྲང་གཞག་ཁྲིམས་འཛིན་གཙོ་བཟུང་ཞིང་། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པ་རྩ་དོན་དུ་བཟུང་ཡོད་ལ། སྤྱི་ཡོངས་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བ་བརྗོད་དོན་དུ་བཟུང་ཞིང་དཔེ་མཚོན་དཔེ་གཞི་མང་པོ་འདེགས་སྐྱོར་དུ་བྱས་ཏེ། བྱ་བར་སྤྱི་བསྡོམས་བྱས་པ་བབ་ཆགས་ཤིང་དཔེ་གཞིའི་གཞི་གྲངས་གསལ་ཞིང་དག་པ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་དོན་དངོས་མཐུན་ལ་བྱ་བ་བཀོད་སྒྲིག་བྱས་པ་ཏན་ཏིག་ཅིག་སྟེ། སྙན་ཞུའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ནས་དོན་དངོས་མངོན་ཐུབ་ཅིང་། གོང་གི་བསམ་བཀོད་དང་མཐུན་ཞིང་ལས་སྒྲུབ་གདེང་ཚོད་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ལངས་གནས་མངོན་པར་གསལ་བ་དང་། འདྲ་མཉམ་བདེན་དོན་ལ་སྲུང་སྐྱོང་བྱས་ཡོད་ལ། ཁྲིམས་འཛིན་བཅོས་སྒྱུར་གྱི་བློ་སྤོབས་དང་ཁག་ཁུར་གཏིང་ཟབ་ཏུ་བཏང་ཡོད་པས། ཆབ་སྲིད་ཀྱི་མཐོ་ཚད་དང་ཁྲིམས་སྐྱོང་གི་ནུས་ཚད་ཡོད་ཅིང་། བཅོས་སྒྱུར་གྱི་ཟུར་ཚད་རྣོ་ཞིང་བརྩེ་སེམས་དྲོད་ཁོལ་ལྡན་པའི་སྙན་ཞུ་བཟང་པོ་ཞིག་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ཁྲོད་ཀྱི་ད་ལོའི་བྱ་བའི་བཀོད་སྒྲིག་བླང་བྱར་ནན་ཏན་གྱིས་གོ་བ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་འགན་འཁྲིའི་ངེས་གནས་དང་ཟུང་འབྲེལ་བྱས་ཏེ། གྲོས་གཞི་སྒྲུབ་པ་དང་དམངས་འདུན་མཚོན་པའི་ཆ་འཕྲིན་སོགས་ལ་བརྟེན་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འགན་འཁྲི་སྔར་ལས་ལག་བསྟར་བཟང་པོ་ཐུབ་པར་རོགས་ཤུགས་འདོན་རྒྱུ་ཡིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་དགོས་མཁོ་དང་། སྲིད་གྲོས་ཀྱི་འགན་ནུས་ལ་དམིགས་ཏེ། གནད་འཁེལ་གྲོས་འདེམ་དང་རྟོག་ཞིབ་ཟབ་མོ། གྲོས་མོལ་རྒྱ་ཁྱབ་བྱེད་པ་དང་། གྲོས་མོལ་རྣམ་པའི་ལྟ་སྐུལ་ཏན་ཏིག་སྒོས་སྤེལ་བ་དང་ཁྲིམས་འཛིན་དྲང་གཞག་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། མཉམ་དུ་འགན་སྒྲུབ་མཐའ་འཁྱོལ་བྱས་ཏེ། མཉམ་ཤུགས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟེང་གྲུབ་འབྲས་གསར་པ་ལེན་པ་དང་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན།

གཏམ་བཤད་ཁྲོད། ཨུ་ཡོན་རྣམས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཚད་མཐོའི་གདེང་འཇོག་བྱས་ཤིང་སྙན་ཞུ་ནི་དྲོད་ཁོལ་ལྡན་ཞིང་སྟོབས་ཤུགས་ཡོད་པ་ཞིག་ཡིན་པར་འདོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་ལ། སེམས་ཞིབ་མོས་མང་ཚོགས་ཉེ་གམ་གྱི་གྱོད་གཞི་ལེགས་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་བདེན་ཚོར་དུ་བཅུག་ཅིང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། འགན་སྒྲུབ་ཀྱི་ལས་དོན་སྤེལ་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་བ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།