མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

  2025-03-09 22:04:55 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚེས8ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོ་དང་ཚེས6ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། འཐུས་མི་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་སྲིད་གཞུང་བྱ་བའི་བཀོད་སྒྲིག་ལ་ཡོངས་ཁྱབ་ཏུ་འཐད་པ་བྱུང་། གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་ཀྱང་གྲོས་གཞི་དང་བསམ་འཆར་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་གྲོས་གཞི་དང་འབྲེལ་ཡོད་ཕྱོགས་ཀྱི་གྲོས་གཞི་ལྟར། སྲིད་གཞུང་བྱ་བའི་སྙན་ཞུ་ལ་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་གྲོས་གཞི་དང་སྙན་ཞུ་བཟོ་བཅོས་གནས་ཚུལ་གཞིར་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་འབྲི་བྱས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུང་ཧྲན་གྱིས་ཚོགས་ཐོག་ཏུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འཆར་ཟིན་སྐོར་གྱི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་པ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་གྱི་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་ཚོགས་ཐོག་ཏུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་པ་དང་། 2025ལོའི་ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་པ། དེ་དང་མཉམ་དུ2025ལོའི་ས་གནས་སྲིད་གཞུང་གི་དངུལ་བུན་དཀྱུས་མའི་བཅད་འབོར་དང་ཆེད་དོན་དངུལ་བུན་གྱི་བཅད་འབོར་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་གཉིས་ལ་གྲོས་འཆམ་བྱུང་།

ཟླ3པའི་ཚེས6ཉིན་ནས་ཚེས་བདུན་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ། སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་ཞིབ་བཤེར་གྲོས་གཞི་གཞིར་བཟུང་ནས། སོ་སོར་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་བཅས་ལ་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་ཞིབ་བཤེར་གྲོས་གཞི་དང་སྙན་ཞུ། འཆར་ཟིན་བཟོ་བཅོས་གནས་ཚུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་གཞིར་བཟུང་ནས། འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། འཆར་འགོད་སྙན་ཞུ་དང་འཆར་འགོད་དང་། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་ཀྱི་གྲོས་ཆོད་གཉིས་ཚབ་འབྲི་བྱས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་འཆར་ཟིན། 2024ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་མོ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་གཞི་བསམ་འཆར་གཞིར་བཟུང་ནས། བཟོ་བཅོས་འཆར་ཟིན་ཐད་གྲོས་ཞིབ་བྱས་པ་དང་། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད་དེ། གྲོས་ཞིབ་ཀྱི་མཇུག་འབྲས་འདིའི་སྙན་ཞུ་དང་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།