ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཁོང་ཡོད་སའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཞུགས་ནས་འཐུས་མི་རྣམས་དང་ལྷན་དུ་གྲོས་ཞིབ་བྱས།
ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཁོང་ཡོད་སའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཞུགས་ནས་འཐུས་མི་རྣམས་དང་ལྷན་དུ་གྲོས་ཞིབ་བྱས།
ཝུའུ་ཞའོ་ཅུན་དང་རིན་ཆེན་བཀྲ་ཤིས། པིས་ཧྲིན་ལུང་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད། ཚའེ་ཆི་ཡིས་བསམ་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། འཐུས་མི་རྣམས་དང་ལྷན་དུ་བརྗེ་རེས་ཟབ་མོ་བྱས། ཚའེ་ཆི་ཡིས་བསྟན་དོན། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གང་ལེགས་སྒོས་མངོན་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མངོན་ནས་ཡིད་ཆེས་མཐོར་འདེགས་དང་སེམས་ཤུགས་ཡར་བསྐྱེད་ཀྱི་ནུས་པ་ལྡན་པས་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན།
ཚའེ་ཆི་ཡིས་འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བསྐྱེད་དང་འགག་སྒྲོལ་དཀའ་སེལ་བྱས་ཤིང་། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བ་དང་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་བདེ་ལེགས་ངང་ཡོངས་འགྲུབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་དུ་སྤོས་ཡོད། གྲུབ་འབྲས་འདི་འདྲ་ལོན་པའི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཡོད་པས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་ཁྲིད་སྟོན་ཡོད་པས་ཡིན། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་སྒྲུབ་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་། བྱ་སྤྱོད་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་དགོས་ཞེས་བསྟན།
ཚའེ་ཆི་ཡིས་བསྟན་དོན། ད་ལོའི་བྱ་བ་ལེགས་པོར་སྒྲུབ་དགོས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་བསམ་ནས་སྔར་ལས་རང་རྟོགས་སྒོས་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཁ་ལེན་ཐག་ཆོད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་བོར་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་གནས་བབ་ཤེས་ཐུབ་པར་བྱེད་པ་དང་། ང་ཚོའི་ལམ་ལུགས་ཀྱི་དགེ་མཚན་དང་བཅོས་སྐྱོང་ཕན་ནུས་ཤེས་ཐུབ་པར་བྱེད་པ། ལས་བརྩོན་ཡར་བསྐྱེད་ཀྱི་སྤོབས་པར་བརྟེན་ནས་ཏན་ཏིག་སྒོས་རང་ཉིད་ཀྱི་དོན་དག་ཡག་པོར་སྒྲུབ་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ཡག་པོར་བསྡུ་བར་ཁག་ཐེག་བྱ་དགོས་ཤིང་། གོམ་པ་རེ་རེ་བཞིན་སྤོས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་བསྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། བརྟན་ཐོག་ཡར་འཕེལ་དང་སྐུལ་འདེད་བརྟན་གཏོང་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་སྒུལ་ཤུགས་སུ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ནུས་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་བ་མངོན་འགྱུར་བྱ་དགོས། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཇུས་གཞི་ལེགས་པོར་འདོད་དགོས།
ཚའེ་ཆི་ཡིས་འདས་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་བྱས་ཏེ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རྒྱུན་ཆད་མེད་པར་རྣམ་པ་གསར་པ་དང་བྱེད་ཕྱོགས་གསར་པ་མངོན་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་རྒྱུའི་རེ་བ་ཡོད་ཅེས་གསུངས། འཐབ་ཇུས་ངེས་གནས་སྲུང་འཛིན་བྱེད་པའི་ཁྲོད་སྔར་ལས་བཟང་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྷོད་གཡེང་མེད་པར་ཤུགས་སྣོན་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། སྐྱེ་ཁམས་ཀྱི་བྱེད་ནུས་ཆེན་པོ་མངོན་འགྱུར་བྱ་དགོས། རང་སྟེང་གི་དགེ་མཚན་དང་ཐོན་ལས་འཕེལ་རྒྱས་ཀྱི་ཟུང་འབྲེལ་གནས་དང་ཤུགས་འདོན་ས་ཡང་དག་པར་བཙལ་བ་དང་། སྒྲུབ་དགོས་པ་དང་སྒྲུབ་མི་ཉན་པ་ཡིད་ལ་བཟུང་སྟེ། ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པའི་སྟེང་ཤུགས་འདོན་དགོས། རང་ནུས་ཅི་ཡོད་འདོན་པ་དང་ནུས་ཤུགས་གང་ཡོད་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་དམངས་ཚིས་དངོས་སྒྲུབ་ཀྱི་ལས་དོན་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ཟབ་མོ་བྱས་ཏེ། རིག་གནས་ཞབས་ཕྱི་དང་རིག་གནས་ཐོན་རྫས་ཀྱི་འདོན་སྤྲོད་ནུས་པ་ཇེ་ཆེར་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་འགྲོ་བར་དོ་སྣང་བྱས་ནས། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྔར་ལས་ལྷག་པར་སྐོང་ཐུབ་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བ་དམ་འཛིན་བྱེད་པ་དང་། རིགས་སོ་སོའི་སྤྱི་ཚོགས་ཚོགས་ཁག་མཐུན་སྒྲིལ་གཅིག་སྡུད་དང་ཞབས་ཕྱི་དོ་དམ་བྱ་བར་ཤུགས་བསྣན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་ཁག་ཐེག་བྱ་དགོས། འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་དང་། བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གཏིང་ཟབ་དང་སྲ་བརྟན་དུ་གཏོང་བ་། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ལེགས་པོ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱ་དགོས་ཞེས་བསྟན།