མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

  2025-03-08 16:04:37 

20250308094323x6ap.jpg

ཟླ3པའི་ཚེས7ཉིན་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཟླ3པའི་ཚེས7ཉིན་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། རང་དམག་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་ཡོངས་འགྲུབ་བྱ་རྒྱུ་དེ་ནི། དུས་བཅད་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན། ཡིད་ཆེས་བརྟན་གཏོང་དང་འགྲན་རྩོད་ལ་ཐད་ཀར་གདོང་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་དུས་བཅད་ལྟར་ཡོངས་འགྲུབ་བྱ་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཐོག་ནས་ཀྲོའུ་ཀང་དང་ལིས་ཏུང་། ཧྥུན་ཡན། ཀྲིན་ཡོན་ལིན། ཚོས་ཏའོ་ཧུའུ། ལིའུ་ཧྲུའུ་ཝེ་བཅས་འཐུས་མི་དྲུག་གིས་སྔ་རྗེས་སུ་གཏམ་བཤད་ནས། མཚོན་ཆ་དང་སྒྲིག་ཆས་ཚོད་ལྟའི་གསལ་འབྱེད་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཆར་འགོད་ལག་བསྟར་དོ་དམ་གསར་གཏོད་བྱེད་པ། གྲོན་དངུལ་བེད་སྤྱོད་དོ་དམ་གྱི་ཕན་འབྲས་མཐོར་འདེགས་གཏོང་བ། དམག་དོན་ལས་རིགས་ཀྱི་ཐོན་ནུས་འགན་སྲུང་ལ་ཤུགས་སྣོན་པ། རྒྱལ་སྲུང་གཡུལ་སའི་བཟོ་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་རང་དམག་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱས་ནས་ལོ་བཞི་ལྷག་འཁོར་བའི་རིང་ལ། གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པའི་དུས་མཚུངས་སུ། འགལ་བ་དང་གནད་དོན་ཡང་མི་ཉུང་བ་ཞིག་གནས་ཡོད། མྱུར་ཚད་དང་སྤུས་ཚད་བར་གྱི་འབྲེལ་བ་དང་། མ་རྩ་དང་ཕན་འབྲས་བར་གྱི་འབྲེལ་བ། ཁྱོན་ཡོངས་དང་གནད་དོན་བར་གྱི་འབྲེལ་བ། འཕེལ་རྒྱས་དང་ལྟ་སྐུལ་བར་གྱི་འབྲེལ་བ། འཆར་འགོད་ལག་བསྟར་དང་ནུས་པ་གྲུབ་པའི་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ། མ་རྩ་དམའ་བ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཐུབ་པ་བཅས་ཀྱི་བགྲོད་ལམ་སྟེང་འབད་པས་བསྐྱོད་དེ། འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་དངོས་འཐབ་ཀྱི་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འཆར་འགོད་ལག་བསྟར་བྱེད་པའི་ཁྲོད་ཀྱི་འགག་གནད་མགྱོགས་མྱུར་ངང་ཐག་གཅོད་བྱེད་པ་དང་། སྡེ་ཁག་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བ། ས་གནས་ལས་བརྒལ་བའི་དམག་མིར་གཅིག་གྱུར་སྒོས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་བེད་སྤྱོད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཁ་ཕྱོགས་དང་བྱ་བའི་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་འཆར་འགོད་ལག་བསྟར་གྱི་སྦྲེལ་ལམ་གེགས་མེད་ཡོང་བ་བཅས་བྱ་དགོས། དེང་རབས་ཀྱི་དོ་དམ་འདུ་ཤེས་དང་བྱེད་ཐབས་བེད་སྤྱོད་བྱེད་མཁས་པར་བྱ་རྒྱུ་དང་། འཐབ་ཇུས་དོ་དམ་ལམ་ལུགས་དང་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། འཆར་འགོད་ལག་བསྟར་བྱེད་པའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཧུར་བརྩོན་གྲོན་ཆུང་གི་སྒོ་ནས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་ཐོན་ཁུངས་ཀྱི་མ་དངུལ་གཏོང་ཚད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། གྲོན་དངུལ་སྤྱོད་པའི་གནད་ཁེལ་གྱི་ཚད་དང་ཕན་འབྲས། གྲོན་དངུལ་བསྡུར་ཚད་བཅས་མཐོ་རུ་གཏང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རང་དམག་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མ་ལག་ཆེན་པོའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དམག་མི་དང་ས་གནས་ཀྱི་མཉམ་སྡེབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ཀྱི་ཁྱད་སྟོབས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། རང་དམག་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། རང་རྒྱལ་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ནས། འཐབ་འཛིང་གི་ནུས་པ་འཛུགས་སྐྱོང་དང་བེད་སྤྱོད་བྱེད་སྟངས་གསར་གཏོད་དང་། སྔོན་ཐོན་ལག་རྩལ་ཟོར་ཡངས་པོའི་སྒོ་ནས་དང་ལེན་བྱེད་པ་དང་མགྱོགས་མྱུར་ངང་ཕན་འབྲས་སུ་བསྒྱུར་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྤུས་གསར་འཐབ་འཛིང་འཕེལ་རྒྱས་གང་མགྱོགས་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འཆར་འགོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཆེད་ལས་ཅན་གྱི་དཔྱད་འཇོག་ལས་སྒོ་སྤེལ་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་འཛུགས་སྐྲུན་གྱི་ཕན་འབྲས། མ་ལག་གི་དམག་འཐབ་ནུས་པ་བཅས་ལ་དཔྱད་འཇོག་བྱ་དགོས། ལྟ་སྐུལ་དོ་དམ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས། སྔར་ལས་འཐུས་ཚང་དང་ནུས་ལྡན་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་། མཉམ་འདྲེས་ལྟ་སྐུལ་དང་མཉམ་འབྲེལ་རྩིས་བཤེར་ལ་ཤུགས་བསྣན་ཏེ། རུལ་སུངས་ཀྱི་གནད་དོན་ཐག་གཅོད་ནན་མོ་བྱ་དགོས། ལྟ་སྐུལ་དོ་དམ་གྱིས་འཆར་འགོད་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་འགོད་ཡོངས་འགྲུབ་བྱེད་པའི་སྤུས་ཚད་དང་ནུས་པ། སྤྱོད་གཙང་བཅས་ཀྱི་རྨང་གཞིར་འགན་ལེན་ནན་མོ་བྱ་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་ཀྲང་ཧྲིན་མེན་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།