མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས།

  2025-03-08 16:06:47 

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ལའོ་ཏུན་ཁྲོན་དང་ལིའུ་ཆི་ཧྥན། ཀྲང་ཅིན་ཀང་སོགས་གྲོས་ཚོགས་སུ་ཞུགས། ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་འཐུས་མིའི་བཅའ་ཁྲིམས་ནི་དམངས་ཆེན་འཐུས་མིས་ཁྲིམས་ལྟར་འཐུས་མིའི་འགན་དབང་སྤྱོད་པ་དང་འཐུས་མིའི་འོས་འགན་ལག་བསྟར་བྱེད་པ། འཐུས་མིའི་བྱེད་ནུས་འདོན་སྤེལ་བྱེད་པ་ཚད་ལྡན་དུ་གཏོང་བ་དང་དེར་འགན་སྲུང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན། ཐེངས་འདིའི་བཟོ་བཅོས་ལས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་དམངས་ཆེན་ལམ་ལུགས་ཀྱི་ཁྱད་གཤིས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན། བབ་བསྟུན་མདུན་སྐྱོད་ཀྱི་དུས་རབས་ཀྱི་ཁྱད་ཆོས་བཅས་ཐོག་མཐར་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ། མི་དམངས་ཀྱི་སརང་ཁྱིམ་རང་བདག་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་སྔར་ལས་ཚད་ལྡན་དང་སྔར་ལས་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས་ཡོངས་སུ་འཐད་པ་ཡིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་དམངས་ཆེན་ལ་མགོ་ཁྲིད་བྱེད་པའི་བྱ་བའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་གྱི་ལས་འགན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཐག་གཅོད་ལ་བརྟེན་ནས་དམངས་གཙོའི་ཇུས་ཆོད་ལ་སྐུལ་འདེད་གཏང་དགོས་ཤིང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དམངས་གཙོའི་ཐབས་ལམ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། འཐུས་མི་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཁྲོད་ཞུགས་པའི་ཐབས་ལམ་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་དགོས་ཤིང་། ལས་དོན་རེ་རེས་དམངས་འདོད་མཚོན་ཞིང་། དམངས་ཚིས་དང་ཉེ་བར་བཅར་བ། དམངས་སེམས་དང་བསྟུན་པར་འབད་པ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་ལ་ནུས་པ་ལྡན་པའི་དམངས་གཙོའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། ཐེངས་འདིར་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ལ། འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནང་དོན་དང་བྱེད་སྟངས་བླང་བྱ། འཐུས་མི་ཚོགས་པའི་ཚན་ཁག འཐུས་མི་རིམ་པ་མཉམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་གྲོས་ཚོགས་སུ་གདན་ཞུ་བྱེད་པ། འཐུས་མིའི་འགན་སྒྲུབ་ཀྱི་དུས་ཚོད་འགན་སྲུང་དང་། འཐུས་མིའི་འགན་སྒྲུབ་སློབ་སྦྱོང་གི་ནང་དོན། འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་ཡོད་ཅིང་། ཆབ་སྲིད་ཀྱི་ཁ་ཕྱོགས་བཟུང་བ་དམ་པོ་ཡིན་ལ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་ལྷག་པར་རྒྱུན་འཁྱོངས་དང་ཇེ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ང་ཚོས་དེར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་འོས་འགན་འདུ་ཤེས་བཅངས་ནས་དྲིལ་སྒྲོག་དང་ལག་བསྟར་བྱ་བ་ལེགས་པོར་སྒྲུབ་དགོས། ཐེངས་འདི་གོ་སྐབས་ཤིག་ཏུ་བརྩིས་ཏེ། འཐུས་མི་བྱ་བའི་འབྲེལ་ཡོད་ལམ་ལུགས་མྱུར་དུ་བཟོ་བཅོས་དང་ཇེ་ལེགས་སུ་བཏང་ནས། འཐུས་མིའི་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཚན་རིག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།

འཐུས་མི་ལིའུ་གོ་ཆང་དང་ལིས་ཀའོ། ཏིས་ཆིན་ཡུན། མཱ་ཧྲི་ཀུང་། མཱ་ཧྥུའུ་ཁྲང་། ཆའོ་ཡ་ཆུན། ཞུའུ་ཆིན་མེན། ཀོ་ཅིན་ཕིང་། པིས་ཧྲིན་ལུང་སོགས་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།