མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲའོ་ལི་ཅི་ཡིས་ཀྲི་ཀུང་ཏང་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ། ཕྱི་ཕྱོགས་མཛའ་མཐུན་ལས་རིགས་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་གནང་།

  2025-03-07 16:21:34 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚེས6ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲི་ཀུང་ཏང་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ། ཕྱི་ཕྱོགས་མཛའ་མཐུན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། ཀྲའོ་ལི་ཅི་ཡིས་ཨུ་ཡོན་གྱི་གཏམ་བཤད་ལ་གསན་རྗེས། 2024ལོར་དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དར་ཆ་མཐོན་པོར་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། གྲུ་གཟིངས་ཆེན་པོ་འདིར་ཁ་ལོ་བསྒྱུར་ནས། དུས་བབ་དང་བསྟུན་ནས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་མངོན་གསལ་སྒོས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་ལ་ནུས་ལྡན་ངང་སྐུལ་སྤེལ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས། ཀྲུང་གུང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་བྱ་རྒྱུ་ནི་ལས་དོན་ཁག་ལེགས་པར་བསྒྲུབས་པའི་རྩ་བའི་འགན་ལེན་ཡིན་པ་ལག་ལེན་དངོས་ཀྱིས་ར་སྤྲོད་གསལ་པོ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད། མི་སེམས་དང་ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྡུད་གང་ལེགས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་འབད་པས་བསྐྱོད་དགོས། ལས་རིགས་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། ཕྱིར་སྡོད་རང་མིའི་མི་སེམས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།