མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་།

  2025-03-07 16:27:55 

20250307075417lvs3.jpg

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་གསན།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་དགོས་མཁོ་ཁོང་དུ་ཆུད་པར་བྱས་ནས། སློབ་གསོ་ཡིས་ཚན་རྩལ་དང་འཇོན་མིར་འདེགས་སྐྱོར་བྱེད་པའི་ནུས་པར་ཤུགས་བསྣན་ཏེ། འཇོན་མི་འབོར་ཆེན་གསོ་སྐྱོང་དང་འཇོན་མི་གང་ལེགས་སྒོས་སྤྱོད་པ། མི་སྣ་གང་ལེགས་སྒོས་སྤྱོད་པའི་གསོན་ཉམས་ལྡན་པའི་རྣམ་པ་སྔར་ལས་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་གྱི་ལས་དོན་སྒྲུབ་མཁན་བཅས་དང་། རྒྱལ་ཡོངས་མི་རིགས་སོ་སོའི་ལས་རིགས་ཁག་གི་བུད་མེད་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་གྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་འཚམས་འདྲི་དང་བགྲོ་གླེང་ལ་ཞུགས།

མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་སྟེང་དུ། ཀྲང་ཡུན་ཁའེ་དང་ཚའེ་ཀོང་ཅེ། ཀྲིན་ཅཱ་ཅན། ཞུས་ཁུན། ཚོས་ཡཱ་ལིས། མཱ་ཅིན་ལིན་བཅས་ཨུ་ཡོན་དྲུག་གིས་ལས་རིགས་སློབ་གསོ་དང་ས་ཁོངས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ལྟ་ཀློག་སྐྱེ་ཁམས་བསྐྲུན་པ། རྒྱལ་ཁབ་ཀྱི་སློབ་གསོའི་ཤེས་རིག་དྲ་སྦྲེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་གཞི་གཅིག་ཅན་ལ་འཕེལ་རྒྱས་གཏོང་བ། སློབ་གྲྭའི་སློབ་ཚན་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས་ནས་བསམ་འཆར་དང་གྲོས་གཞིར་གསན་པ་ལ་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་དེར་བཞུགས་ཨུ་ཡོན་ལྷན་རྒྱས་དང་། རྒྱ་ཆེའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་གྱི་ཁོངས་མི། སློབ་གསོ་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། མི་དམངས་སྲིད་གྲོས་ཀྱིས་ལས་འགན་གཙོ་བོ་དམ་འཛིན་བྱས་ནས་འགན་འཁྲི་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་བཞག་ཡོད། དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་གྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་རྣམས་ཀྱིས་ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་། བསམ་འཆར་དང་ཐབས་ཇུས་འབད་པས་བཏོན་པ། སྤྱི་ཚོགས་ཞབས་ཞུའི་ནང་ཞུགས་པ་བཅས་ཀྱི་དབང་གིས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱ་ཆེའི་སློབ་གསོ་ལས་རིགས་ཀྱི་མི་སྣས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་འབད་པས་ཞུགས་ཏེ།“སློབ་གསོ་ལྔ”མཉམ་སྤེལ་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བསམ་རྒྱ་བསྐྱེད་པ་དང་མི་གསོ་སྐྱོང་བྱ་རྒྱུར་དམིགས་ནས། ཀུན་སྤྱོད་སློབ་གསོ་དེ་ཤེས་རིག་དང་ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཁྱབ་པར་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྱོང་དང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་གཉིས་ཀར་དུས་མཉམ་དུ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་དང་སློབ་ཁྲིད་བསམ་བློ་ཆབ་སྲིད་གཉིས་ཁ་ཕྱོགས་གཅིག་པ་དང་གཅིག་མཚུངས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་གསོའི“སློབ་ཚན་ཆུང་ཆུང”དང་སྤྱི་ཚོགས་ཀྱི“སློབ་ཚན་ཆེན་པོ”མཉམ་འདྲེས་ནུས་ལྡན་བྱས་ཏེ། ཀུན་སྤྱོད་སློབ་གསོའི་ལས་དོན་སྔར་ལས་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་རྩ་བའི་ཐོག་ནས་བཤད་ན། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གཏོང་རྒྱུ་དེ་ཡིན། ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་མ་ལག་གཏན་འཁེལ་བྱས་ནས་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། སློབ་གྲྭའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭའི་སློབ་གཉེར་རང་བདག་དབང་ཆ་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་སློབ་གསོ་སྐྱོང་བ་དང་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་དགོས་མཁོར་དམིགས་ནས་མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་དང་། སྲིད་གཞུང་གི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་དངུལ་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། སྔར་ལས་ལུགས་མཐུན་དང་ཕན་ནུས་ཆེ་བའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཚན་རྩལ་གྱི་རང་བདག་གསར་གཏོད་དང་འཇོན་མིའི་རང་བདག་གསོ་སྐྱོང་གི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་པར་ཅིས་ཀྱང་། སློབ་གསོའི་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས། རྨང་གཞིའི་རིག་ཚན་དང་སྣོལ་སྡེབ་རིག་ཚན་གྱི་ཚད་བརྒལ་འཆར་གཞི་ལག་བསྟར་ཡག་པོ་བྱས་ཏེ། སློབ་གྲྭ་དང་ཁེ་ལས་དང་ས་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་གསར་གཏོད་བྱེད་པའི་སྟེགས་བུ་བསྐྲུན་ནས། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བའི་ཕན་ནུས་ཆེ་རུ་གཏོང་དགོས། འཇོན་མི་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོར་འཚམ་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། འཇོན་མི་རང་བདག་གསོ་སྐྱོང་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་གཞི་གྲངས་ཅན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱས་ནས། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། རིགས་སོ་སོ་དང་རིམ་པ་སོ་སོའི་འཇོན་མི་གཅིག་ལ་གཅིག་འགྲན་གྱིས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་སེམས་དང་ཐུན་མོང་གི་ངོས་འཛིན། བློ་གྲོས་དང་སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་གྱི་ཁོངས་མི། སློབ་གསོ་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་རྒྱབ་སྐྱོར་སྔར་ལས་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་འབུལ་དགོས་ཞེས་གསུངས།

ཧྲི་ཐའེ་ཧྥུན་དང་ཏེན་ཀྲུང་ལིས། ཚའེ་ཏཱ་ཧྥུན། ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥུན། ཅང་ཞིན་ཀྲི། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན་སོགས་མཉམ་འབྲེལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།