མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཞི་ཡིས་གུང་གཞོན་ཚོགས་པ་དང་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་སྡུར་བྱས།

  2025-03-07 16:28:44 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གུང་གཞོན་ཚོགས་པ་དང་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ལིས་ཞི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ལ་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། བབ་བརླིང་སྟབས་བསྟུན་དང་ཕྱོགས་བསྡུས་ཐབས་སྤྱོད་བྱས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ནས་གོམ་སྟབས་གསར་པ་བརྟན་པོ་བསྒྱུར་བ་དང་། གྲུབ་འབྲས་ཧ་ཅང་སྤྱིར་བཏང་མིན་ལ། དེའི་ཁྲོད་སྲིད་གྲོས་ཨུ་ཡོན་ཚོའི་རིག་སྟོབས་དང་རྔུལ་ཆུ་འདྲེས། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བའི་ལོ་ཡིན་པས། ཚང་མས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་པ། རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་བ་གཏན་འབེབས་བྱེད་པའི་གྲོས་གཞི་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། ན་གཞོན་དང་བཟོ་བ། བུད་མེད་སོགས་ལས་རིགས་ཀྱི་མང་ཚོགས་ཀྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་ལེའུ་གསར་པ་མཉམ་དུ་འབྲི་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།