མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས།

  2025-03-07 16:29:22 

ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་དང་། ལིའུ་ཆི་ཧྥན་དང་ཀྲང་ཅིན་ཀང་གིས་གཏམ་བཤད། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལའོ་ཝུན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ནོར་སྲིད་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་གྲོས་ཞིབ་ཞུགས་ཏེ། འཐུས་མིའི་བསམ་འཆར་གྲོས་གཞིར་ཉན།

འཐུས་མི་ལིའུ་ཆི་ཧྥན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུས་བྱ་བར་ཕྱིར་དྲན་བྱས་པ་གསལ་དག་ནུས་ལྡན་ཡིན་ཞིང་། དམིགས་འབེན་ལས་འགན་ཚན་རིག་དང་མཐུན་ལ་ལག་བསྟར་བྱེད་ཐུབ་པས། ང་ཧ་ཅང་འཐད་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་སྙན་ཞུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ལས་བགོའི་བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱ་དགོས། ལས་རིགས་ལྔའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པར་རོགས་ཤུགས་འདོན་པ། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར་ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལུས་རྩལ་འགྲན་སྡུར་དང་དྲ་རྒྱའི་ཕྱིར་འཚོང་བརྒྱུད་དེ་ཞིང་ཟུར་ཐོན་རྫས་བཙོང་བར་རོགས་འདེགས་བྱེད་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་ལྷོ་རྒྱུད་ཚོད་ལྟའི་ཁུལ་གྱི་འཆར་འགོད་སྒྲིག་བཟོ་བྱ་བ་ཡག་པོར་བསྒྲུབ་ནས། རོང་འབྲོག་མང་ཚོགས་སྔར་ལས་མང་པོས་ཡུལ་སྐོར་ལ་བརྟེན་པ་དང་སྐྱེ་ཁམས་ལ་བརྟེན་ཐུབ་པར་བྱ་དགོས། སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་པའི་འཆར་འགོད་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པར་རོགས་ཤུགས་འདོན་པ། སྟོབས་ཤུགས་གཅིག་སྡུད་སྒོས་མཐོ་རིམ་སློབ་གསོའི་དགེ་མཚན་ལྡན་པའི་རིག་ཚན་འཕེལ་རྒྱས་གཏོང་བ། ཆེད་ལས་ལག་རྩལ་སློབ་གསོ་རྒྱ་ཆེར་སྤེལ་བ། རྨང་གཞི་སློབ་གསོའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས། རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་་རྐྱེན་སྲོལ་བེད་སྤྱོད་ཡག་པོ་བྱེད་པ་དང་། སློབ་གྲྭ་མིང་གྲགས་ཅན་གྱི་སྟོབས་ཤུགས་ལ་བརྟེན་ནས་མཐོ་རིམ་ཐོད་བརྒལ་བྱ་དགོས་ཟེར།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་རྗེས། ངར་སེམས་འཕེལ་ཞིང་སྐུལ་མ་ཐེབས་བྱུང་། སྙན་ཞུ་ལས་ཆབ་སྲིད་འཆད་པར་ལངས་ཕྱོགས་གསལ་ཞིང་། འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དངོས་གཉེར་ནུས་ལྡན་ཡིན་པ་དང་། དམངས་ཚིས་ལ་ཕན་པའི་བྱ་བར་དྲོད་འཁོལ་ལྡན་པ། རང་ངོས་སྟོབས་ཆེར་གཏོང་བར་རང་ནུས་ཅི་ལྕོགས་བྱས་པས། མངོན་གསལ་གྱི་གྲུབ་འབྲས་འདི་དག་གིས་མི་སེམས་ལ་སྐུལ་མ་བཏང་ནས་ཡིད་ཆེས་ཆེ་རུ་སྐྱེད་ལ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་གིས་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ངར་ཤུགས་ཆེར་སྐྱེད་བྱས་པ་དང་། བྱ་གཞག་སྣ་ཚོགས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་དྲག་པོ་བསྣན་ཞིང་། དར་ཆ་མཐོར་སྒྲེང་དང་ངར་སེམས་སྐྱེད་པ། ཡར་བརྩོན་སྐུལ་སྤེལ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ང་ཧ་ཅང་འཐད་པ་ཡིན། ང་ཚོས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་ལ། ནུས་ཤུགས་ཡོད་རྒུས་ལས་གཞི་འཆར་འགོད་འཛུགས་སྐྲུན་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས། ལྗང་མདོག་རྩིས་གློག་མཉམ་ལས་ཚོད་ལྟའི་གནས། འཕྲལ་བསྟུན་མ་ལག་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་འདོན་པར་སྐུལ་འདེད་གཏང་དགོས་ཟེར།

ཝང་ཧྭ་ཅེ་དང། མཱ་ཧྲི་ཀོང་། མཱ་ཧྥུའོ་ཁྲང་། ཞུའེ་ཆིན་མེན། རིན་ཆེན་བཀྲ་ཤིས། ཅང་ཀྲི་ཀང་སོགས་འཐུས་མི་རྣམས་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།