ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་བྱས་ནས་གོ་བ་བླངས། ཝུའུ་ཞའོ་ཅུན་དང་ཀྲང་ཅིན་ཀང་གིས་གཏམ་བཤད་པ་དང་། ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་ཅང་སུའུ་འཕེལ་རྒྱས་ཀྱི་གནད་འཁེལ་མཛུབ་སྟོན་དང་མངགས་བཅོལ་ནན་མོ་ཡིན་ལ། ས་གནས་སོ་སོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད་འགུལ་སྐྱོད་བྱེད་ཐབས་འདོན་སྤྲོད་བྱས་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་ཡོངས་ཀྱི་བྱ་བར་འཐབ་ཇུས་མཛུབ་སྟོན་བྱེད་པ། གནས་བབ་འཕེལ་རྒྱས་འགྱུར་ལྡོག་ལ་རྒྱུས་ལོན་ཟབ་མོ་བྱེད་པ་བཅས་མངོན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་ལ། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་མངོན་ཡོད། གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་སྲིད་གཞུང་བྱ་བའི་སྙན་ཞུ་དངོས་འབེབས་ཡག་པོ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཧུར་ཐག་གིས་ཁག་ཁུར་གྱི་སྤྱོད་ཚུལ་མངོན་པར་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་སྦས་ཤུགས་འདོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རང་ཉིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གྱི་དགོངས་དོན་གཉིས་སྦྲེལ་མཐུད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དམིགས་འབེན་དམ་འཛིན་བྱས་ནས་ལྷོད་གཡེང་མི་བྱེད་པ་དང་འཆར་གཞི་ཡག་པོ་བཟོ་བ། ཐོན་ལས་ཀྱི་གནས་བཞི་འཛུགས་པ་དང་ལྗང་མདོག་རྩིས་གློག་ཐུན་མོང་འཕེལ་རྒྱས་གཏོང་བར་དམིགས་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། མུ་མཐུད་དུ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་པ་བསྐྲུན་དགོས། གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ་དང་། ལོ་གསར་པའི་ཚོགས་འདུ་དང་པོའི་བཀོད་སྒྲིག་བླང་བྱ་ལྟར། མགོ་བརྩམས་པ་ནས་བཟུང་མྱུར་དུ་ལག་བསྟར་བྱེད་པ་དང་། མགོ་བརྩམས་མ་ཐག་འབད་འཐབ་ལྷོད་མེད་བྱེད་པའི་རྣམ་འགྱུར་འཛིན་པ་དང་། སྤུས་ཚད་མཐོ་བའི་ཚོང་འགུག་དངུལ་འདྲེན་གྱིས་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་སྐུལ་འདེད་བཏང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་དགོས། གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་རོགས་སྐྱོར་མཉམ་ལས་དང་ཕྱི་ཕྱོགས་སྒོ་འབྱེད་ཟབ་སྤེལ་བྱེད་པ་མཉམ་འབྲེལ་བྱས་ཏེ། ཚན་རིག་གསར་གཏོད་དང་ཐོན་ལས་རིམ་སྤོར། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་སྒྱུར་སོགས་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས། ནང་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འཐབ་ཇུས་ཀྱི་ལྟེ་གནས་དང་ཟུར་སྣོན་རྟེན་གཞི། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ། རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་གི་བརྒྱུད་ལམ་གསར་བ་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་ཟེར།
འཐུས་མི་ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁྱབ་ཁོངས་གཅིག་ལ་རྐང་བཙུགས་པ་དང་སྤྱི་ཡོངས་ལ་འཆར་འགོད་བྱས་པས། དེ་ནི་ཅང་སུའུ་ལ་བཏོན་པའི་བླང་བྱ་ཡིན་ལ། རྒྱལ་ཡོངས་ལ་བཏོན་པའི་བླང་བྱའང་ཡིན་པར་མ་ཟད། ཐོག་མཐའ་བར་གསུམ་དུ་ཁྱབ་ཅིང་དུས་བསྟུན་མཉམ་སྐྱོད་བྱས་པ་ཞིག་ཀྱང་ཡིན་ཕྱིར། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་དམིགས་འབེན་ཡོངས་འགྲུབ་བྱེད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྦྲེལ་མཐུད་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ། མཉམ་དུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། མཉམ་དུ་ལག་བསྟར་དོན་འཁྱོལ་བྱེད་པ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དམ་འཛིན་ཡང་དག་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་ནས་ཐོད་བརྒལ་བྱ་དགོས། རིམ་པ་ཟབ་མོའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དམ་འཛིན་ཡང་དག་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྒུལ་ནུས་གསར་བ་དང་དགེ་མཚན་གསར་པ་གསོ་སྤེལ་བྱེད་པའི་ཐད་ནས་ཐོད་བརྒལ་འབྱུང་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དངོས་འབེབས་བྱེད་པའི་བླང་བྱ་གལ་ཆེན་དམ་འཛིན་ཡང་དག་བྱས་ནས། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་ཐད་ཐོད་བརྒལ་བྱ་དགོས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དམ་འཛིན་ཡང་དག་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་ཐད་ཐོད་བརྒལ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་ཟེར།
འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པས། དུས་རབས་གསར་པའི་མཚོ་སྔོན་གྱི་བྱ་བ་ཡག་པོར་སྒྲུབ་པར་འཐབ་ཇུས་ཁྲིད་སྟོན་གྱི་བྱེད་ནུས་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། མཉམ་གཅིག་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་བབ་བསྟུན་དངོས་འབེབས་བྱེད་པ། གསར་དར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རང་ཞིང་གི་རྒྱལ་ཁབ་འཐབ་ཇུས་ཁྲོད་ཀྱི་ངེས་གནས་གསར་པ་དང་དགེ་མཚན་གསར་པ། སྤྱོད་ཚུལ་གསར་བ་བཅས་ལ་ཞིབ་འཇུག་དང་འཆར་འགོད་ཞིབ་མོ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཁ་གཏད་རོགས་སྐྱོར་བྱ་བའི་སྤུས་ནུས་སྔར་ལས་མཐོ་རུ་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་འབྱུང་བ་དང་སྐས་རིམ་གསར་བར་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས།
ལིའུ་གོ་ཆཱང་དང་། ལིས་ཀའོ། ཏིས་ཆིན་ཡུན། ཝང་ཧྭ་ཅེ། གོ་ཅིན་ཕིང་སོགས་ཀྱིས་གཏམ་བཤད།