མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲའོ་ལི་ཅི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

  2025-03-06 15:43:04 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་སི་ཁྲོན་འཐུས་ཚབ་ཚོགས་པའི་འཐུས་མིའི་གྲོས་ཞིབ་ལ་ཞུགས། དབྱང་ཝུའུ་ཡུན་དང་ཀིན་ཧྥུའུ་ནིང་། ཞུའུ་ཆང་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད། ཀྲའོ་ལི་ཅི་ཡིས་གཟབ་ནན་གྱིས་གཏམ་བཤད་ལ་ཉན་རྗེས། འཐུས་མི་རྣམས་ལ་བརྗེ་རེས་གཏིང་ཟབ་བྱས། ཀྲའོ་ལི་ཅི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུ་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་བྱས་པའི་གྲུབ་འབྲས་སྤྱི་བསྡོམས་བྱས་པ་དང་། སྔོན་དུས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཚན་རིག་ལྟར་ལུགས་མཐུན་བཀོད་སྒྲིག་བྱས་པས། བརྗོད་གཞི་གསལ་ལ་མདུན་བསྐྱོད་ཡར་འཕེལ་དང་མཐུན་སྒྲིལ་སྐུལ་ལྕག་གི་སྙན་ཞུ་ལེགས་པོ་ཞིག་རེད།

ཀྲའོ་ལི་ཅིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ཁག་ཇེ་མང་དུ་སོང་པའི་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ནས། དཀའ་སྤྱད་མདུན་བསྐྱོད་དང་དཀའ་ངལ་མཁྲེགས་གཏོར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་བ་སྤོས། གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན་པས། མི་སེམས་ལ་ངར་སློང་ཐུབ་ཅིང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་དུ་འཇུག་དགོས་པར་མ་ཟད། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ལམ་ཆེན་སྟེང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་།

ཀྲའོ་ལི་ཅིས་བསྟན་དོན། ཏང་ཀྲུང་དབྱང་གིས་གནས་བབ་དང་བསྟུན་ནས། ཁྱོན་ཡོངས་གཅིག་གྱུར་དམ་འཛིན་དང་། གནད་འགག་གི་དུས་སྐབས་སུ། དུས་ལྟར་གནས་བབ་ལ་བརྡར་གཅོད་བྱས་ནས་ཇུས་ཆོད་བཀོད་སྒྲིག་བྱས་པ་དང་། ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱང་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། བསམ་བློ་དང་འགུལ་བསྐྱོད་གཉིས་ཏང་ཀྲུང་དབྱང་གི་གནས་བབ་དབྱེ་ཞིབ་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་དངོས་གཉེར་དམ་འཛིན། བཅོས་སྒྱུར་གསར་སྐྲུན། བདེན་འཚོལ་དངོས་གཉེར་བཅས་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ནས། ནན་ནན་ཏིག་ཏིག་གིས་ཕྱོགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འའབེན་ལས་འགན་ལེགས་འགྲུབ་འབྱུང་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པར་རྨང་གཞི་ལེགས་པོ་གཏང་དགོས།

ཀྲའོ་ལི་ཅིས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་བྱ་བའི་མཛུབ་སྟོན་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སི་ཁྲོན་གྱིས་བྱས་རྗེས་འཇོག་དགོས། ནང་མཁོའི་སྦས་ཤུགས་སྔོག་འདོན་བྱས་ནས། འཛད་སྤྱོད་ཆེད་དོན་འགུལ་བསྐྱོད་ལག་བསྟར་བཟང་བོ་བྱས་ནས། རིག་གནས་ཀྱི་ནུས་པ་འདོན་སྤེལ་དང་ཡུལ་སྐོར་ལ་སྣེ་ཁྲིད་བྱེད་དགོས། ཚན་རྩལ་གསར་སྐྲུན་སྣེ་ཁྲིད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྣེ་ཁྲིད་དེ། སི་ཁྲོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྒོས་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་དང་ལས་གཏོད་ཁོར་ཡུག  མི་སྡོད་ཁོར་ཡུག  འཇོན་མི་ནང་འགུགས། མ་དངུལ་ནང་འདྲེན་ལེགས་པོ་བཅས་ལ་བརྟེན་ནས། སྤྱི་ཚོགས་ཀྱི་གསར་སྐྲུན་གསོན་ཤུགས་ཆེ་རུ་གཏང་དགོས། འཕེལ་རྒྱས་ཁྲོད་དུ་དམངངས་ཚིས་ལ་འགན་སྲུང་བྱེད་པ་དང་། བརྩེ་བ་ཆེན་པོས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་དགོས། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་བཏང་ནས། ཏང་ཡོན་ལས་བྱེད་ཀྱིས་སྒྲིག་བརྩི་སྲོལ་སྲུང་གི་ཁྲོད་དུ་བཅོས་སྒྱུར་གསར་སྐྲུན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྣེ་ཁྲིད་བྱེད་དགོས།

ཀྲའོ་ལི་ཅིས་སི་ཁྲོན་ཞིང་ཆེན་གྱི་རིགས་སོ་སོའི་དམངས་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར་བདུན་བཅུ་འཁོར་བའི་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྣམ་བཤད་ནན་ཀློག་བྱེད་དགོས་ལ། ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་པའི་ཕྱོགས་སོ་སོའི་འགན་ནུས་གཟབ་ནན་གྱིས་དོན་འཁྱོལ་བྱས་ནས། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་ལ་སྐུལ་འདེད་གཏང་དགོས།

རྩོམ་སྒྲིག་པ། སངས་བཀྲ།