མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

  2025-03-05 16:05:33 

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོས་སྡུར་བྱས་པར་མ་ཟད་གྲོས་གཞི་དང་བསམ་ཚུལ་བཏོན། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ལའོ་ཏུང་ཁྲོན་དང་ལིའུ་ཆི་ཧྥན། ཝང་ལིས་མེན་བཅས་གྲོས་ཚོགས་སུ་ཞུགས།

ཝུའུ་ཞའོ་ཅུན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་འགོད་པའི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། འཐུས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་གྲོས་ཚོགས་ལེགས་པོར་བསྡུ་བའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཡིད་ཆེས་ཀྱིས་ཁེངས་པའི་བསམ་པའི་རྣམ་འགྱུར་བཅངས་པ། ཁྲིམས་ལྟར་འགན་སྒྲུབ་དང་། འགན་སྒྲུབ་ཡང་དག་བྱས་ནས། འཐུས་མིའི་འགན་འཁྲི་ལག་བསྟར་གྱི་སྤུས་ཚད་མཐོ་བའི་རྒྱུགས་གཞི་ལེགས་པོར་སྤྲད་དེ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཞེས་བཤད།

གྲོས་ཚོགས་སྟེང་གྲོས་གཞི་གཅིག་དང་། བསམ་ཚུལ་གཙོ་བོ་བཅོ་བརྒྱད་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་སྟེང་སྤྲོད་རྒྱུར་འཐད་པ་བྱུང་བ་དང་། འཐུས་མི་རྣམས་ཀྱིས་མི་སྒེར་དང་ཡང་ན་མཉམ་འབྲེལ་གྱི་རྣམ་པས་ཚོགས་ཆེན་སྟེང་སྤྲོད་རྒྱུའི་གྲོས་གཞིར་འཐད་པ་བྱུང་།

རྩོམ་སྒྲིག་པ། སངས་བཀྲ།