མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་བདུན་པ་བཅའ་སྡོད་བྱས་པར་མ་ཟད་བྱ་བ་སྤེལ།

  2025-03-05 16:05:12 

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ2པའི་ཚེས27ཉིན་ནས་ཟླ3པའི་ཚེས4ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་བོས་སྔ་གཞུག་ཏུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཆུ་བེད་ཐིན། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་སྡེ་ཁག་བཅུ་གསུམ་སྐོར་ཞིབ་ལས་ཁུངས་སུ་བཅའ་སྡོད་བྱས་པར་མ་ཟད་བྱ་བ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ་གཙོ་བོ་སྐོར་ཞིག་གི་མཉམ་འབྲེལ་སྐོར་ཞིབ་སྤེལ་མགོ་བརྩམས།

སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སོ་སོར་སྐོར་ཞིབ་བཅའ་སྡོད་སྐུལ་སློང་གྲོས་ཚོགས་བསྡུས་པ་དང་། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་སྐུལ་སློང་གཏམ་བཤད་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་དྲུག་པའི་སྐོར་ཞིབ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་ནང་དོན་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བདུན་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ་དང་། དྲི་བ་གཅིག་ལ་མཉམ་དུ་ལན་བཏབ་ནས་སྐོར་ཞིབ་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ནས་རེ་བ་བཏོན།

སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་བསྟན་དོན། སྐོར་ཞིབ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན། ཐེངས་འདིར་དྲིལ་སྒྲོག་དང་རིག་གནས། སློབ་གསོ། འགྲིམ་འགྲུལ། ཆུ་བེད་སོགས་འབྲེལ་ཡོད་སྡེ་ཁག་ལ་སྐོར་ཞིབ་བྱས་པ་དང་། དེ་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ལངས་ཕྱོགས་བརྟན་པོས་སྲུང་སྐྱོང་གཉིས་རྩ་བའི་ལས་འགན་དུ་བརྩི་བ་དང་། དབང་ཆ་དང་འགན་འཁྲི་དང་། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་དང་པོ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་བཅས་ལ་དམ་དུ་དམིགས་ནས། གཙོ་བོར་སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། འགན་ནུས་འགན་འཁྲི་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་རེ་བ་ལག་བསྟར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཉེན་ཁ་ཆེན་པོ་འགོག་སེལ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། སྐོར་ཞིབ་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་བཅས་བྱས་ཏེ། ཤུགས་དང་ལྡན་པའི་སྐོར་ཞིབ་ལྟ་སྐུལ་ལ་བརྟེན་ནས་སྐོར་ཞིབ་སྡེ་ཁག་གི་བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས། རང་རྟོགས་སྒོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ཏང་གི་ལས་དོན་ལ་འགན་ཁུར་བའི་རྣམ་འགྱུར་ལ་བརྟེན་ནས་རང་འགུལ་གྱིས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ། བྱ་བའི་ཁྲོད་ཀྱི་བར་ཁྱད་དང་མི་འདང་སར་རང་བཤེར་བྱེད་པ། སྟོབས་ཤུགས་ཡོད་རྒུས་གཞོགས་འདེགས་སྐོར་ཞིབ་ལ་རྒྱབ་སྐྱོར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ལེན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ། ཕྲག་ཏུ་བབས་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཡུལ་དངོས་ལས་སྒྲུབ་དུས་ཚོད་ཟླ3པའི་ཟླ་མགོ་ནས་ཟླ5པའི་ཟླ་མགོའི་བར་ཡིན་ལ། དེའི་སྐབས་སུ་ཆེད་དོན་ལས་རེས་ཁ་པར་དང་གློག་རྡུལ་ཡིག་སྒམ་སོགས་ཀྱི་ཞུ་གཏུག་སྟེགས་བུ་བཙུགས་ནས། གཙོ་བོར་སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་དང་ལས་རྐང་གཙོ་བོའི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་ཡར་ཞུ་དང་། སྐོར་ཞིབ་བྱ་བ་དང་འབྲེལ་བའི་འཕྲིན་བཅར་བྱ་བ་སོགས་དང་ལེན་བྱེད་རྒྱུ་རེད། སྐོར་འདིའི་སྐོར་ཞིབ་ཀྱི་འཕྲིན་བཅར་དང་ལེན་བྱེད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས30ཉིན་བར་ཡིན།

རྩོམ་སྒྲིག་པ། སངས་བཀྲ།