མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་གྲོས་འཆར་དང་གྲོས་གཞི་གྲ་སྒྲིག་ནན་མོ་བྱས།

  2025-03-05 16:05:55 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མགོ་རྩོམ་ལ་ཉེ་བས། མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་གྲོས་འཆར་གྲོས་གཞི་གྲ་སྒྲིག་བྱ་བ་ནན་ཏན་གྱིས་བསྒྲུབས། མིག་སྔའི་བར་གྲོས་འཆར1དང་གྲོས་གཞི་བརྒྱ་ལྷག་ཙམ་གྲུབ་ཡོད་པ་དང་དེའི་ནང་དོན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་། དམངས་ཚིས་སོགས་གཙོ་གནད་ཁྱབ་ཁོངས་ཚུད་ཡོད།

གྲོས་འཆར་དང་གྲོས་གཞི་འདོན་པ་ནི་ཞིང་ཆེན་གྱི་གནས་ཚུལ་དངོས་མཚོན་པ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་དང་གོ་སྐབས་གལ་ཆེན་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་རིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ནས་གཅིག་སྡུད་ལྟ་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཆེད་དོན་ཞིབ་འཇུག་བྱས་པ་དང་། འཐུས་མི་མི་སྒེར་གྱི་གྲོས་གཞི་བསྡུ་རུབ་བྱས་ཏེ་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཁག་ལ་འབྲེལ་གཏུག་བྱས་ནས་བློ་འདྲི་མཛུབ་ཁྲིད་བྱས་པ་དང་། འཐུས་མིས་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་རྒྱུར་རོགས་རམ་བྱས། འཐུས་མི་ཚོས་རང་གི་ལས་འགན་དང་ཆེད་ལས་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་དང་བསམ་གཞིག་གཏིང་ཟབ་བྱས་ནས། ཞིང་ཆེན་གྱི་གནས་ཚུལ་དང་དམངས་འདོད་ལ་ཕྱོགས་མང་པོ་ནས་རྒྱུས་ལོན་བྱས་ཏེ་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིའི་གྲོས་གཞི་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་གྲོས་གཞི་དངོས་སུ་འདོན་ཐུབ་པ་དང་། གནད་ལ་འཁེལ་བ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཡོད།

འཐུས་མི་ཚོས་མགྲིན་གཅིག་ཏུ་མངགས་བཅོལ་བརྟན་པོ་ཡིད་ལ་བཅངས་པ་དང་འགན་འཁྲི་ལག་བསྟར་བྱས་ནས། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཐོག་ནས་མང་ཚོགས་ཀྱི་རེ་འདུན་དང་སེམས་གཏམ་གྲོས་ཚོགས་སྟེང་འཁྱེར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སངས་བཀྲ།