རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ལ་ཉེ་བས། ཟླ3པའི་ཚེས3ཉིན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་པེ་ཅིང་དུ་ཐོན་རྗེས། རང་རང་གི་སྡོད་གནས་སུ་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་རྒྱུ་ཆ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཚོགས་ཆེན་ལེགས་པོར་འཚོགས་པར་གྲ་སྒྲིག་བྱས།
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་པའི་འགག་རྩའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བྱ་བར་མཐོང་ཆེན་ཚད་མེད་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་ཨུ་ཡོན་རྣམས་ཀྱི་གྲ་སྒྲིག་གནས་ཚུལ་ཉན་པ་དང་། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱི་ཤེས་རྟོགས་གཅིག་གྱུར་དང་ལངས་གནས་མཐོར་འདེགས་གཏོང་བར་སྐུལ་སློང་བྱས་ལ། རྟོག་ཞིབ་ཟབ་མོ་བྱས་ནས་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་རྒྱུ་ཆ་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབས། དེ་དང་མཉམ་དུ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་སྒྲུབ་ཁག་ཁུར་བྱེད་པར་ཧུར་ཐག་གིས་འགན་སྲུང་འདོན་སྤྲོད་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་ཚོགས་ཆེན་འཚོགས་ཐུབ་པར་ཁག་ཐེག་བྱས།
ལོ་ངོ་གཅིག་གི་རིང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་བ་དང་། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཡིད་ལ་བཅངས་ནས། དམངས་ཚིས་དཀའ་སྡུག་ལ་སེམས་ཁུར་བྱས། ཁོ་ཚོས་ནུས་པ་གཙོ་བོ་འདོན་སྤེལ་ལེགས་པོ་བྱས་པ་དང་། གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ། ཡུལ་དངོས་བཅར་འདྲི་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱུ་ཆ་མང་པོར་གོ་བ་བླངས་པ་དང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་སྒྱུར་སོགས་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་རེ་འདུན་ལ་རྒྱུས་ལོན་བྱས་ལ། དེའི་རྨང་གཞིའི་སྟེང་། གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་རྒྱུ་ཆ་ནན་ཏན་གྱིས་བྲིས་ནས། གྲོས་གཞི་རེ་རེས་གནད་འཁེལ་བའི་སྒོ་ནས་གནད་དོན་ལ་དམིགས་པ་དང་། གྲོས་གཞི་རེ་རེར་བཀོལ་སྤྱོད་རང་བཞིན་ལྡན་པར་བྱས་ཏེ། འགན་སྒྲུབ་སྤུས་ནུས་མཐོར་འདེགས་བཏང་།
ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལས་འགན་ཕྲག་ཏུ་བླངས་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་སྲིད་གྲོས་ཀྱི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད། ཨུ་ཡོན་གྱི་གཏམ་རྒྱུད་བཅས་ཡག་པོར་བཤད་པ་དང་། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་སྔར་ལས་འདྲེས་པར་སྐུལ་འདེད་གཏོང་དགོས།