མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱིས“འཛམ་གླིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོའི”ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་འཚོགས་པ།

多德加  2025-03-04 15:44:10 

མཚོ་སྔོན་གྱིས“འཛམ་གླིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོའི”ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་འཚོགས་པ།

ཟླ3པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། ཞི་ཨན་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་ཆེད་དོན་གཞུང་དོན་ཁང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་སྡེ་ཁག་གིས་ཟི་ལིང་རྩི་ཤིང་ར་བ་ནས་མཉམ་གཅིག་ཏུ2025ལོའི“འཛམ་གླིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོའི”ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

2025ལོའི་ཟླ3པའི་ཚེས3ཉིན་ནི“འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོ”ཐེངས12པ་ཡིན་པ་དང་། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“སྐྱེ་དངོས་རིགས་སྲུང་སྐྱོབ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སའི་གོ་ལའི་ཚེ་སྲོག་གི་ཐུན་མོང་ཚོགས་པ་མཉམ་དུ་བསྐྲུན”ཞེས་པ་དེ་ཡིན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ། མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། རྒྱལ་ཁོངས་ལྗང་སྒྱུར་དང་ས་ནག་གྲམ་ཐང་བཅོས་སྐྱོང་། ནགས་ཚལ་དང་རྩྭ་ཐང་བརླན་ས་སོགས་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་རང་བཞིན་གྱི་རྣམ་པ་མངོན་ཡོད། དགོ་དམར3400ལྷག་དང་གསའ1200ཡས་མས། ཁྲུང་ཁྲུང་སྐེ་ནག2600ལྷག་བཅས་ལ་སླེབས་པས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱིམ་གཞི་དེ་བས་ཕུན་སུམ་ཚོགས་པ་མངོན་འགྱུར་བྱུང་། མཚོ་སྔོན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་བ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་ས་ཁུལ་གྱི“མཁའ་དབྱིངས་དང་ས་གཞི”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་གི་གཞི་ཁྱོན་ཐོག་མར་ཆགས་ཤིང་། གནས་སྤོས་བྱ་རིགས10ལྷག་གི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལེགས་འགྲུབ་བྱུང་བས། འདབ་ཆགས་གནས་སྤོ་བྱེད་པའི་ཚན་རིག་ཞིབ་འཇུག་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་སོགས་ཟི་ལིང་རྩི་ཤིང་གླིང་རང་རྒྱལ་གྱི་འདེམ་སྒུག་ར་བ16གི་མིང་ཐོའི་ནང་རྒྱལ་ཁའི་ངང་བདམས་ཐོན་བྱུང་བ་དང་། དེས་རྒྱལ་ཁབ་རྩི་ཤིང་ར་བའི་མ་ལག་བཀོད་སྒྲིག་ཁྲོད་ཀྱི་མཚོ་སྔོན་གྱི་གནས་བབ་གལ་ཆེན་མཚོན་པ་དང་། མཚོ་སྔོན་དང་ཐ་ན་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར།“མཚོ་སྔོན་གྱིས་སྔར་ལས་ལྷག་པར“སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་དེའི་ནང་ཞུགས་པ། དམངས་ཡོངས་བྱ་འགུལ་ནང་ཞུགས་པ”བཅས་ཀྱི་སྲུང་སྐྱོབ་ནང་རྐྱེན་གཏིང་ཟབ་ཏུ་བཏང་ནས། གསར་གཏོད་རང་བཞིན་གྱི་ལས་དོན་དེ་བས་མང་བ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་མཚོ་སྔོན་གྱི་བློ་གྲོས་འབུལ་རྒྱུ་ཡིན། ”

མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་སྐུ་མགྲོན་དང་སྤྱི་དམངས་སྟོང་ཕྲག་ལྷག་བྱེད་སྒོའི་ནང་ཞུགས་པ་དང་། ཚོགས་ར་གཙོ་བོའི་བྱེད་སྒོའི་ནང་གླེང་སྟེགས་གྲོས་བསྡུར་དང་གྲུབ་འབྲས་ཁྱབ་བསྒྲགས། སྤྱི་ཕན་གྲོས་འགོ སྤྱི་དམངས་མཉམ་འགུལ་སོགས་ཀྱི་རྣམ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལས་དོན་གྱི་གསར་གཏོད་ལག་ལེན་དང་སྣ་མང་མཉམ་ལས་ཕྱོགས་ཡོངས་ནས་མངོན། ཉིན་དེར་མཚོ་བོད་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་གི་ནུབ་རིར་གཏུམ་བྱ9ཕྱིར་རང་བྱུང་དུ་བཏང་།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།