མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་སང་པེ་ཅིན་དུ་འབྱོར་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་སང་པེ་ཅིན་དུ་འབྱོར་བ།

  2025-03-04 15:45:18 

GetAttachment.jpg
    ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་པེ་ཅིན་དུ་འབྱོར་བ་དང་། འགན་སྒྲུབ་ཀྱི་བགྲོད་ལམ་གསར་པར་བསྐྱོད།

    ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་པེ་ཅིན་དུ་འབྱོར་ཅིང་། ཚོགས་ཆེན་ལ་མིང་ཐོ་བཀོད།
ད་ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། “ལྔ་བཅོ་ལྔའི”འཆར་འགོད་བཀོད་སྒྲིག་གི་ལོ་ཡང་ཡིན་པས། ཚོགས་ཆེན་གཉིས་ལེགས་པར་བསྡུ་བ་ནི་ཤིན་ཏུ་གལ་ཆེ། འཐུས་མིའི་ལས་འགན་ངེས་པ་དོན་གྱིས་ལེགས་པར་བསྒྲུབ་པའི་ཆེད་དུ། པེ་ཅིན་ལ་མ་སོང་སྔོན་དུ། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྣམས་གཞི་རིམ་བརྟག་ཞིབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་ལ་མཉན་ནས། སྤུས་ཚད་མཐོ་བའི་གྲོས་གཞི་གྲོས་འདོན་བྱེད་པར་བློ་ཞིབ་མོས་གྲ་སྒྲིག་བྱས། འཐུས་མི་ཚོས་མགྲིན་གཅིག་ཏུ། ཕ་ཡུལ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་འབོད་དེ་ཚོགས་ཐོག་ཏུ་འཁྱེར་ནས། མཚོ་སྔོན་གྱི་འཕེལ་རྒྱས་དང་རྒྱལ་ཁབ་འཛུགས་སྐྲུན་ལ་གྲོས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།
    འཐུས་མི་ཞུས་ཆིང་རྨིན་གྱིས། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོབ་ལ་དོན་སྙིང་ཆེན་པོ་ལྡན། ཐེངས་འདིའི་ཚོགས་འདུར་མ་ཞུགས་སྔོན་ལ། ཁོས་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་དང་འཕྲད་པའི་འགྲན་སློང་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཤིང་། ཚོགས་ཆེན་ཐོག་འགན་སྒྲུབ་ནན་ཏན་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྲིད་ཇུས་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
    འཐུས་མི་པི་ཧྲེང་ལུང་གིས་སེམས་ལ་རེ་སྒུག་གི་ཁེངས་བཞིན། “གྲོང་གསེབ་དར་སྤེལ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཁྱིམ་དུ་བཅར་འདྲིར་བསྐྱོད་པ་དང་འབྲེལ་ཡོད་ཐོན་ལས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ངས་ཞིང་སྡེ་འཕེལ་རྒྱས་སྐོར་གྱི་བསམ་འཆར་གྲོས་གཞི་མང་པོ་སྡུད་ཉར་བྱས་ཡོད། ཐེངས་འདིར་ངས་ཚོགས་ཆེན་གཉིས་ཀྱི་ལས་སྟེགས་བརྒྱུད་ནས། སྐད་སྒྲ་འདི་དག་བརྒྱུད་སྤྲོད་བྱས་ཏེ། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རོགས་ཤུགས་འདོན་པར་སྟོབས་ཤུགས་ཉག་གཅིག་སྐྱེས་སུ་དབུལ་རྒྱུ་ཡིན“ཞེས་བཤད།
    དཔྱིད་རླབས་ཕྲེང་བ་གཡོ། །རེ་བ་ཚད་མེད་བསྐྱེད། །ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ལྗིད་མོ་ཕྲག་ཏུ་བླངས་ཏེ། མཚོ་སྔོན་གྱི་འཐུས་མི་ཚོགས་པས་བློ་སྤོབས་གཟེངས་སུ་མཐོ་བའི་ཉམས་འགྱུར་ལ་བརྟེན་ནས། རྣམ་དཔྱོད་ཀྱི་རྩལ་རྫོགས་པའི་གྲོས་གཞི་འདོན་པ་དང་དངོས་གཉེར་གྱི་གདེང་མཐོ་བའི་ཇུས་བློ་འབུལ་བ། མཚོ་སྔོན་གྱི་ཉམས་འགྱུར་ངོམ་པ་དང་མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྤྲོད་བྱས་ཏེ། ཚོགས་ཆེན་གྱི་ལས་དོན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།