ཟླ2པའི་ཚེས28ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་ཀྱི་འགན་སྒྲུབ་སྙན་ཞུར་གཟིགས་ཞིབ་གནང་སྐབས་བཏོན་པའི་བླང་བྱ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཏང་ཙུའུ་གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས། སེམས་ཤུགས་གཅིག་སྡུད་ཀྱིས་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། དམངས་ཚིས་ལེགས་སྒྱུར་སོགས་ཀྱི་བྱ་བ་གཙོ་བོ་ལེགས་པོར་སྒྲུབ་དགོས། ཡང་དག་པའི་ལས་འབྲས་ལྟ་བ་བཙུགས་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ། ལས་སྒྲུབ་ཁག་ཁུར་དང་འགག་སྒྲོལ་དཀའ་སེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། གཏན་ནས་གཡོ་འགུལ་མི་བྱེད་པ་གཉིས་རྒྱུན་འཁྱོངས་དང་དངོས་འབེབས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ་དང་། ཁྲིམས་ལྟར་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་གང་ཡོད་འདོན་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རྒྱུན་ལས་གྲོས་ཚོགས་ལས་མཛད་སྤྱོད་མཐོར་འདེགས་གཏོང་བ་དེ་གོ་གནས་མཐོ་སར་འཇོག་པ་དང་། ཞབས་ཕྱིའི་ཚོང་དོན་དང་ཞབས་ཞུའི་འཛད་སྤྱོད་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་ཞབས་ཕྱིའི་འཛད་སྤྱོད་དགོས་མཁོ་ལེགས་པར་བསྐོང་དགོས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱེད་པ་དང་། ཕྱི་དངུལ་ཁེ་ལས་ཀྱིས་མཚོ་སྔོན་དུ་མ་དངུལ་འཇོག་པའི་ཐབས་ལམ་རྒྱ་བསྐྱེད་དགོས། ཁྲིམས་སྐྱོང་ཅན་གྱི་ཐབས་ལམ་སྤྱད་དེ་ཚད་ལྡན་དུ་གཏོང་བ་དང་། ཚད་གཞིར་བརྟེན་ནས་ཁྲིད་སྟོན་སྐུལ་ཁྲིད་བྱེད་པ། ཕྲེང་འབྲེལ་ཧྲིལ་པོའི་དོ་དམ་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་ཆས་ཕྱིར་བསྡུ་བེད་སྤྱོད་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་གྱི་འགུལ་སྐྱོད་ལག་ལེན་དུ་བསྟར་བ་་དང་། ཐོན་ལས་ཀྱི་གནས་བཞི་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས2025ལོའི་མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཚོང་དོན་བརྗེ་རེས་མཉམ་ལས་བྱ་འགུལ་གྱི་གནས་ཚུལ་སྙན་ཞུར་ཉན། གྲོས་ཚོགས་ལས་འབྲེལ་གཏུག་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་མཉམ་ལས་རྐྱེན་སྲོལ་འཛུགས་པ། ལས་འགན་གསལ་ཁྲ་བཟོ་བ། རྗེས་འདེད་དངོས་འབེབས་ལ་ཤུགས་སྣོན་པ་དང་། ཞང་ཀང་ལ་འདོན་སྤྲོད་བྱེད་པའི་ཐོན་ལས་ཀྱི་སྒྲིག་གཞི་སྔར་ལས་སྙོམས་སྒྲིག་དང་ལེགས་སྒྱུར་བྱེད་པ། མཉམ་ལས་ལས་གཞི་གསར་པ་སྐོར་ཞིག་གྲུབ་པར་བརྩོན་ལེན་བྱས་ཏེ། མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་རིམ་པ་སྤར་བ། ཁྱབ་རྒྱ་ཇེ་ཆེར་འགྲོ་བ་བཅས་ལ་སྐུལ་འདེད་གཏང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་བཀོད་གཏོང་དང་ཚོང་འགུག་དངུལ་འདྲེན། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་དམ་འཛིན་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན། གོ་སྐབས་དམ་འཛིན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོའི་བྱ་བའི་མགོ་ཡག་པོ་རྩོམ་པར་འབད་འཐབ་བྱེད་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་འདིང་དགོས།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི2025ལོའི་བྱ་བའི་གཙོ་གནད་དང2025ལོའི་ཞིང་ཆེན་སྲིད་གཞུང་གི་གཞུང་ལུགས་སློབ་སྦྱོང་འཆར་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།