མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

  2025-03-03 21:58:46 

ཟླ2པའི་ཚེས28ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས2024ལོའི་བྱ་བར་སྤྱི་སྡོམ་བྱས་པ་དང2025ལོའི་ལས་འགན་ལ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་རོགས་རམ་བྱ་རྒྱུར་དམ་པོར་དམིགས་ཏེ། གཞོན་ནུ་ལ་ཞབས་འདེགས་ཞུ་བའི་ལས་དོན་ཟབ་སྤེལ་གཏོང་བ་དང་། ཚོགས་པའི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་སྔོན་སྐྱོད་བཅས་བྱས་ནས། རྒྱ་ཆེའི་ཚོགས་མི་དང་གཞོན་ནུ་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་དོན་འཁྱོལ་བྱེད་པའི་འོས་འགན་འབད་པས་བསྒྲུབ་དགོས།

ཚོགས་ཐོག་ནས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཏང་གིས་གུང་གཞོན་ཚོགས་པའི་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེན་སྲུང་གསར་གཏོད་དང་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་བསམ་བློ་ཆབ་སྲིད་ལས་དོན་གྱི་མམ་ལག་འཛུགས་པ་དང་། ལོ་ཆུང་གཞོན་ནུས་ཏང་གི་བཀའ་ལ་ཉན་པ་དང་ཏང་དང་མཉམ་དུ་བསྐྱོད་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཞབས་ཕྱིའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། རྩ་འཛུགས་མ་ལག་དང་རྩ་འཛུགས་སྐུལ་སློང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་པའི་ལས་གནས་ཀྱི་སྟེང་ནས་བྱས་རྗེས་འཇོག་པའི་བྱ་སྤྱོད་ལག་བསྟར་ནན་མོ་བྱས་ནས།“གཞོན་ནུའི”གསོན་སྟོབས་ཀྱི་ནང་སྙིང་མངོན་གསལ་དོད་པོ་མོང་བར་བྱས་ཏེ། གཞོན་ནུ་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གསོན་ཤུགས་གསར་པ་སྩོལ་བར་ནན་སྐུལ་བྱ་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།