ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ2པའི་ཚེས8ཉིན་ནས་ཚེས20ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་རྣམས་སོ་སོར་འབྲེལ་གནས་ས་ཁུལ་ལ་སོང་ནས་གྲོང་ཁྱེར་དང་རྫོང་དང་ཆུས་བཅས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
ཟླ2པའི་ཚེས8ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས། ཚང་མའི་གཏམ་བཤད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡིས་བརྗོད་དོན་ལ་དམ་པོར་དམིགས་ནས། གྲ་སྒྲིག་བྱ་བ་ནན་མོར་བསྒྲུབས་ལ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། གཤིབ་སྡུར་ཞིབ་བཤེར་ནན་མོ་བྱས་པས། སྔོན་དཔག་དམིགས་འབེན་ལ་སླེབས་པ་དང་། གོ་རིམ་རྗེས་མའི་བྱ་བ་འཆར་འགོད་བྱེད་པར་བསམ་བློའི་ཁྲིད་ཕྱོགས་ལེགས་བཅོས་བྱས་ཏེ། བྱེད་ཐབས་ནུས་ལྡན་འདོན་སྤྲོད་བྱས། རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཚན་ཁག་གི་ཁོངས་མིས་ལེགས་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་། མཉམ་ཤུགས་བཏོན་ནས་བཟང་པོར་ཁ་སྣོན་དང་ཞན་སར་ཁ་གསབ། ཡུན་རིང་འཆར་འགོད་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པའི་རེ་བ་བཏོན། མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ཏང་གཤིས་སྐྱེད་སྲིང་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཕུགས་འདུན་དང་ཐོག་མའི་ལས་འགན་ཡིད་ལ་དམ་པོར་བཟུང་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་དགོས། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ལ་གོ་བ་ལོན་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཉིན་རེ་བཞིན་ཏང་ཡོན་ལས་བྱེད་པའི་ཉིན་རྒྱུན་གྱི་གོམས་གཤིས་དང་རང་རྟོགས་སྒོས་གཞི་འཛིན་སར་བསྒྱུར་བ་དང་། ཡང་དག་པའི་དབང་ཆའི་ལྟ་བ་བརྟན་པོར་འཛུགས་པ། སྙིང་སྟོབས་ཀྱི་རེ་སྙེག་མཐོན་པོ་རྒྱུན་སྲུང་བྱས་ནས། དྲང་གཞག་སྒོས་དབང་ཆ་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་སྒོས་དབང་ཆ་སྤྱོད་པ་བཅས་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། ཏང་ཨུའི་འགན་འཁྲི་གཙོ་བོ་དང་ཚན་ཁག་ཁོངས་མིའི་ལས་གནས་གཅིག་ལ་འགན་འཁྲི་གཉིས་དངོས་འབེབས་ནན་མོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་དགོས། ཧུར་ཐག་སྒོས་ལས་སྒྲུབ་ལས་གཏོད་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་ལ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གཙོ་གནད་དཀའ་གནད་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་གསར་གཏོད་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་པར་རྨང་གཞི་འདིང་དགོས།
ཟླ2པའི་ཚེས11ཉིན་ནས་ཚེས20ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་དང་། ཐེན་ཁོས། ལིའུ་ཏ་ཡེ། ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་བཅས་སོ་སོར་མང་ངེ་གྲོང་ཁྱེར་དང་། ཚ་འདམ་ཆེ་བའི་བྱ་བའི་ཨུ་ཡོན་ལྷན་ཁང། རྟ་ཐང་རྫོང་། ཧུའུ་ཀྲུའུ་རྫོང་། ཞིན་ཧེ་རྫོང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་བཅས་སུ་སོང་ནས་གྲོང་ཁྱེར་དང་རྫོང་དང་ཆུས་བཅས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས། ཁོ་ཚོས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཆ་ཚང་ལ་ཡང་དག་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འཐབ་ཇུས་ཀྱི་འཆར་འགོད་ལ་གོ་བ་ལེན་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བརྩེ་སེམས་དེ་བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་དྲག་པོར་བསྒྱུར་དགོས། བྱ་བའི་མཇུག་ལེགས་པོར་སྐྱོང་བ་དང་། གནད་དོན་ལེགས་བཅོས་དམ་འཛིན་བྱས་ཏེ། ལེགས་བཅོས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་འདུན་སྐོང་བ་དང་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏང་དགོས།