མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་དབྱི་ཡིས་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཧོང་དབྱིན་ཞན་ལ་ཐུག་འཕྲད་བྱས།

  2025-02-23 13:43:19 

ས་དེའི་དུས་ཚོད་ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཡུའེ་ཧན་ནེ་སི་པའོ་རུ་དུས་བཅད་ལྟར་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཧོང་དབྱིན་ཞན་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་མར་ཆག་མཚམས་བཞག་ནས་བརྟན་བརླིང་བྱུང་བ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོས་དགའ་བསུ་ཞུ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་སྐྱོན་བྲལ་དང་བརྟན་བརླིང་གི་ལམ་དུ་བསྐྱོད་པ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་སྔར་ལས་འཐུས་ཚང་བརྟན་བརླིང་། གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་ཐེངས་མང་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་དུ་བརྩི་འཇོག་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་བྱེད་པ། ཁྱད་པར་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱ་དགོས། མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱ་དགོས་པ་དང་། རྒྱལ་ཁབ་ཆེན་པོས་ལྷག་པར་མིག་དཔེ་བསྟན་ནས“ལོ་རྒྱུས་ཀྱི་འཁོར་ལྡོག”བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་བཀག་འགོག་བྱེད་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། ང་ཚོས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད།

ཧོང་དབྱིན་ཞན་གྱིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་དགེ་མཚན་ལྡན་པའི་གོམ་སྟབས་སྤོས་པ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་གནས་ཚུལ་བཟང་པོ་མངོན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པའི་ཁྱབ་ཁོངས་སུ་མུ་མཐུད་དུ་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་ཁྲིམས་སྐྱོང་དང་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།