ཟླ2པའི་ཚེས20ཉིན་གྱི་ཕྱི་དྲོར། 2025ལོའི་མཚོ་སྔོན་བཟོ་ཚོགས་ཀྱི་ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། སེམས་གཏིང་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བསམ་པ་རྣམ་དག་གིས་སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ལ་བརྟེན་ནས། རྒྱལ་ཁབ་བདེ་འཇགས་འགན་འཁྲིའི་ལམ་ལུགས་དང་སྤྱི་ཚོགས་བརྟན་རླིང་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ལྔའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་དང་ལས་བཟོ་པའི་དཔུང་སྡེའི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་ནན་མོ་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་དགོས་གལ་རང་བཞིན་གསལ་པོར་རྟོགས་པར་བྱས་ནས། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱ་དགོས། བྱ་བའི་གཙོ་གནད་འབུར་དུ་ཐོན་པ་དང་། ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། ངལ་རྩོལ་ཁྱབ་ཁོངས་ཀྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངལ་གྲལ་བཤེར་དང་སེལ་ཐབས་བྱེད་པའི་བྱ་བ་བསྒྲུབ་དགོས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲི་དངོས་འབེབས་བྱེད་ལ། བཟོ་ཚོགས་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་བྱས་ནས། རྒྱ་ཆེའི་ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱ་དགོས། དབང་སྲུང་ཞབས་ཕྱིར་ཤུགས་སྣོན་པ་དང་། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། དུས་རབས་གསར་པའི་ཧྥུན་ཆའོ་ཉམས་མྱོང་གི་བཟོ་ཚོགས་ཀྱི་ལག་ལེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས། ཕྱོགས་ཡོངས་སྐུལ་འདེད་ལ་གཅིག་འདོམས་བྱས་ཏེ། བྱ་བའི་སྤུས་ནུས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མ་ལག་སྒྲིག་ཆས་ཆ་ཚང་ཞིང་། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། འཁོར་རྒྱུག་ཕན་ནུས་ལྡན་པ་བཅས་ཀྱི་བྱ་བའི་མ་ལག་འཛུགས་དགོས།
ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་ཚོགས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།