མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་བསྡུས།

  2025-02-22 21:52:04 

ཟླ2པའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། འདས་པའི་ལོ་གཅིག་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བ་ཕྱོགས་སྡོམ་དང་ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཀྲང་ཙེ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གིས་ཁྲིམས་ཁང་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཆབ་སྲིད་ཀྱི་བསམ་བློ་དེ་གྱོད་དོན་སྒྲུབ་པའི་ཁྲོད་འདྲེས་པར་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཁྲོད་ནས་ལས་འགན་ཁག་ཁུར་ལ་ཤུགས་སྣོན་དགོས། དོ་བདག་གི་མཐོང་སྣེ་ནས་བསམ་གཞིགས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་འགྲེལ་བཤད་དང་གནས་ལུགས་བཤད་པ་དེ་གྱོད་དོན་སྒྲུབ་པའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ། གཏུག་བཤེར་གྱི་བརྒྱུད་རིམ་ཧྲིལ་པོའི་གོ་རིམ་སྟོང་འཁོར་གྱི་བཅོས་སྐྱོང་རྣམ་པ་བསྐྲུན་པ་དང་། མང་ཚོགས་ཀྱི་ཞུ་གཏུག་མ་རྩ་སྔར་ལས་ཇེ་དམར་བཏང་སྟེ། ཁྲིམས་འཛིན་དྲང་གཞག་ལ་བརྟེན་ནས་ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ནུས་པ་མཐོར་འདེགས་གཏང་དགོས། བྱ་བ་གཙོ་བོར་དམིགས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་དེ་གོ་གནས་གཙོ་བོར་བཞག་ནས། དུས་ཐོག་ཏུ་ཞུ་གཏུག་འཕྲིན་བཅར་འགལ་བ་སེལ་ཐབས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ཧུར་ཐག་གིས་དོགས་ཟོན་དང་སེལ་ཐབས་བྱ་དགོས། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་འདྲི་གཅོད་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་འཛུགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་ཚད་གཞི་གཏན་འཁེལ་བྱས་ཏེ། ཚད་ལྡན་དོ་དམ་འོག་སྤུས་ནུས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ནན་མོའི་གཞི་གདངས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཁྲིམས་ཁང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་རྒྱུན་མཐུད་སྒོས་དམ་འཛིན་བྱེད་པ་དང་། ལེགས་པའི་ཚད་གཞིར་བརྟེན་ནས་ཁྲིམས་ཁང་གི་དཔུང་སྡེའི་སྒྲིག་གཞི་སྔར་ལས་ལེགས་སྒྱུར་བྱེད་པ། དངོས་ཡོད་ཀྱི་བླང་བྱར་བརྟེན་ནས་ཉེན་རྟོག་པའི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། དམིགས་འབེན་ཆེན་པོར་བརྟེན་ནས་དཔུང་སྡེའི་ནུས་པ་དང་བྱང་ཚད་སྔར་ལས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་ཁྲིམས་འཛིན་གྱི་ཞབས་ཕྱི་དང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།