ཚེས21ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བརྒྱད་པེ་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཤེས་བྱའི་ཐོན་དབང་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དབང་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ཁྲིམས་བསྟར་ཁྲིམས་འཛིན་ཕྲེང་འབྲེལ་ཡོངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་བྱའི་ཐོན་དབང་འཛམ་གླིང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས། འགན་འཁྲི་བསྒྲུབས་པའི་བསམ་འཆར་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏང་དགོས།
ཟླ2པའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བརྒྱད་པེ་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཝང་ཧུའུ་ཉིངགིས་བསྟན་དོན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་བར་སྐུལ་འདེད་སྔར་ལས་ལེགས་པོ་གཏང་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་གི་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་གནད་དོན་དང་། ཁྲིམས་བསྟར་ཁྲིམས་འཛིན་བྱ་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཧུར་ཐག་གིས་གྲོས་མོལ་སྲིད་གླེང་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ནུས་མཐོའི་ཤེས་བྱའི་ཐོན་དབང་ཕྱོགས་བསྡུས་དོ་དམ་སྒྲིག་སྲོལ་འཛུགས་པ་དང་། ཐོན་དབང་ཁྲིམས་བསྟར་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་སོགས་བཅོས་སྒྱུར་ལས་འགན་ལ་དམིགས་ནས། དངོས་སྒྲུབ་བསམ་འཆར་དང་ཇུས་འདོན་བྱས་ཏེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་སྒྱུར་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས། ལས་གནས་ལ་གཞི་ཚུགས་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་པ་དང་། ཤེས་བྱའི་ཐོན་དབང་སྐོར་གྱི་བཅའ་ཁྲིམས་ཁྱབ་སྤེལ་དྲིལ་བསྒྲགས་དང་བཅའ་ཁྲིམས་རོགས་སྐྱོར་རྒྱ་ཁྱབ་ཏུ་སྤེལ་ནས། ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་དགོས། ཕྱི་ཕྱོགས་ལ་འགྲོ་འོང་དང“སྲིད་གྲོས་ནང་ཞུགས་པའི”བྱེད་སྒོ་དང་ཚོགས་འདུའི་གླེང་སྟེགས་སོགས་བརྒྱུད་དེ། ཀྲུང་གོས་ཚན་རྩལ་གསར་གཏོད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་ཡག་པོར་བཤད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུས་ལིན་དབྱི་དང་ཞུང་ཞོན་ཀའོ། ཉིའུ་ཐུང་ཞུའུ། ཧི་ཀྲི་མིན། ཞ་ཞན་ཕིན། ཡན་ཅན་ཝུན། ཕན་པིས་ལིན། མ་ཁྲོན་ཞི། སུན་པའོ་ལིན་དང་ཆེད་མཁས་པ་སུང་ཝའེ། ཝུའུ་ཞའོ་རུའུ་བཅས་ཀྱིས་གཏམ་བཤད། ཚང་མས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་བར་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏང་དགོས་པ་དང་། བཅའ་ཁྲིམས་མ་ལག་དང་དོ་དམ་སྒྲིག་སྲོལ། སྲིད་ཇུས་རྐྱེན་སྲོལ་བཅས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ཁྲིམས་བསྟར་ཁྲིམས་འཛིན་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དབང་གི་ཕྲེང་འབྲེལ་ཧྲིལ་པོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཤེས་བྱའི་ཐོན་དབང་གིས་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་དང་། མཉམ་འདུས་ཉེར་སྤྱོད་རྣམ་པའི་ཤེས་བྱའི་ཐོན་དབང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཤེས་བྱའི་ཐོན་དབང་གི་ཁྲིམས་བསྟར་ཁྲིམས་འཛིན་སྲུང་སྐྱོང་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སྤེལ་བཏང་སྟེ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏང་དགོས།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཝང་ཡུང་། ཀྲོའུ་ཆང་། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཝང་ཏུང་ཧྥུན། ཧི་པའོ་ཞང་བཅས་ཚོགས་འདུར་ཞུགས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།