མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད།

  2025-02-22 21:44:29 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་རྒྱར་མཚན་བཀོད་ནས། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྐོར་གྱི་བཀའ་རྒྱ》དང《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་སྐོར་གྱི་བཀའ་རྒྱ》《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་སྐོར་གྱི་བཀའ་རྒྱ》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གསར་དུ་བཟོ་བཅོས་བྱས་པའི་བཀའ་རྒྱ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་པ། དམག་འཐབ་གྲ་སྒྲིག་དང་དམག་དཔུང་གི་དོ་ཁུར་ལ་ཨ་ལན་སྤྲོད་པར་དམིགས་ནས། དམག་དཔུང་གི་ནང་སྲིད་འཛུགས་སྐྲུན་དང་སྒྲིག་ཁྲིམས་སྲུང་སྐྱོང་། རུ་སྒྲིག་འཚོ་བ་བཅས་ཀྱི་ལམ་ལུགས་སྣ་ཚོགས་གསར་སྐྲུན་དང་འཐུས་ཚང་དུ་བཏང་བ་དང་། དེ་ནི་དུས་རབས་གསར་པའི་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྲུན་གྱི་གཞི་རྩའི་ཁྲིམས་སྲོལ་དང་དམག་མི་ཡོངས་ཀྱིས་ཐུན་མོང་གིས་བརྩི་སྲུང་བྱེད་པའི་བྱ་སྤྱོད་ཚད་གཞི་ཡིན།

གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྐོར་གྱི་བཀའ་རྒྱ》ལ་བསྡོམས་པས་ལེའུ13དང་དོན་ཚན311ཡོད་པ་དང་། དེའི་ནང་གཙོ་བོ་དམག་མིའི་དམ་བཅའ་དང་དམག་མིའི་འགན་འཁྲི། ཕྱི་ནང་གི་འབྲེལ་བ། དམག་དཔུང་གི་སྤྱོད་པ་དང་སྒྲིག་སྲོལ། གུས་ལུགས་སོགས་ཀྱི་གཞི་རྩའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ལས་རེས་དང་ནང་སྲིད་རྩ་འཛུགས། གནང་ཞུ་དང་དགོངས་དུས་ཐིམ་ཞུ། སྒར་དུ་སྡོད་པའི་ཞག་སྡོད་སོགས་རྒྱུན་ལྡན་ལམ་ལུགས་ཇེ་ལེགས་སུ་གཏོང་བ་དང་།  རྒྱུན་ལྡན་དམག་འཐབ་གྲ་སྒྲིག་དང་དམག་དོན་སྦྱོང་བརྡར་དོ་དམ། རིག་ནུས་གློག་རྡུལ་སྒྲིག་ཆས་བེད་སྤྱོད་དོ་དམ་བྱེད་པ། ཕྱི་རྒྱལ་གྱི་ལས་འགན་དཔུང་སྡེའི་དོ་དམ་སོགས་ཀྱི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་སྐོར་གྱི་བཀའ་རྒྱ》ལ་བསྡོམས་པའི་ལེའུ8དང་དོན་ཚན193ཡོད་པ་སྟེ། གཙོ་བོ་དམག་འཁྲུག་སྐབས་དང་དུས་རྒྱུན། དམག་འཁྲུག་མིན་པའི་དམག་དོན་བྱ་སྤྱོད་གལ་ཆེན་བཅས་སུ་དབྱེ་བ་དང་། དམག་དཔུང་གི་བྱས་རྗེས་དང་གཟི་བརྗིད་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། དམག་གི་སྒྲིག་ཁྲིམས་ཆད་གཅོད་རྣམ་གྲངས་ཇེ་ལེགས་སུ་བཏང་ནས། ཆད་གཅོད་ཆ་རྐྱེན་ཞིབ་ཕྲ་བཟོ་བ་དང་། ནོར་འཁྲུལ་བཟོད་སྒོམ་དང་འགན་འཁྲིའི་བྱེ་བྲག་གི་གནས་ཚུལ་ཞིབ་ཕྲ་དང་། ཞུ་གཏུག་བཅས་ཀྱི་འབྲེལ་ཡོད་གོ་རིམ་ཚད་ལྡན་དུ་བཏང་ཡོད། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་སྐོར་གྱི་བཀའ་རྒྱའི》ནང་བསྡོམས་པའི་ལེའུ8དང་དོན་ཚན100ཡོད་པ་དང་། གཙོ་བོ་མེ་མདའ་གསར་པ་བཀོལ་སྤྱོད་དང་ཨང་རྟགས་འཛིན་མཁན་གྱིས་ཨང་རྟགས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གཞི་རྩའི་ཚད་གཞི་གསར་དུ་བསྣན་ཡོད། སྐམ་སའི་དམག་གཟིགས་དང་མཚོ་ཐོག་དམག་གཟིགས། གྲུ་ཁའི་དམག་གཟིགས། མཁའ་ཐོག་དམག་གཟིགས་བཅས་ལག་བསྟར་ཚད་གཞི་འཐུས་ཚང་དུ་བཏང་ཡོད་པ་དང་། མཛད་སྒོའི་རིགས་ཕུན་སུམ་ཚོགས་པར་བཏང་ཡོད།

གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་དེ་དག་ནང་རྒྱལ་ཁ་ཐོབ་ཐབས་བྱ་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། དམག་འཐབ་གྲ་སྒྲིག་དང་དམག་འཐབ་ལ་ཕྱོགས་ནས་དམག་འཐབ་བྱེད་པའི་རྩ་བའི་ཁ་ཕྱོགས་འཛུགས་པ་དང་། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དེ་དམག་དཔུང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་སོ་སོར་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ཚད་ལྡན་གྱི་དམག་འཐབ་གྲ་སྒྲིག་དང་སྦྱོང་བརྡར། བྱ་བ། འཚོ་བ་བཅས་ཀྱི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་མཐུད་བྱེད་པ་དང་། དཔོན་དམག་གི་གྲུབ་ཆ་གཙོ་བོའི་གོ་གནས་ལ་བརྩི་འཇོག་བྱས་ནས་དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་བྱེད་པའི་ནང་གནས་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་ཡོད། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་དག་ཁྱབ་བསྒྲགས་ལག་བསྟར་བྱས་ན། དམག་དཔུང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་འགྲོ་ངེས་ཡིན་ལ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་དུ་ཏང་གི་གསུང་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས་པ་དང་། དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ཐོབ་ཐུབ་པ། ཁྲིམས་དང་སྒྲིག་ལམ་ནན་མོ་དང་དར་སྲོལ་བཟང་པོ་བཅས་ཀྱི་ཕུལ་དུ་བྱུང་བའི་དམག་དཔུང་ཕྱོགས་ཡོངས་ནས་བསྐྲུན་ཏེ། རང་རེའི་དམག་དཔུང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དམག་དཔུང་བཙུགས་ནས་ལོ་བརྒྱ་ཡི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།