མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་བསྡུས།

  2025-02-22 21:54:26  ཁྲིམས་སྐྱོང་ཚགས་པར།

ཟླ2པའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་བྱ་བ་དང་སྤྱིའི་བཟོ་ཚོགས་ཀྱི559ཡི་བྱ་བའི་བཀོད་སྒྲིག་ལ་དམིགས་ནས། རང་འགུལ་གྱིས་འབད་འཐབ་བྱས་པ་དང་བྱ་བ་བཟང་པོར་བསྒྲུབས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་པ་བླངས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་བ་ཁོང་དུ་ཆུད་པར་བྱེད་པ། ཞབས་ཕྱི་ཅན་དང་མ་ལག་ཅན། ཚོང་རྟགས་ཅན། གསར་གཏོད་ཅན། གྲངས་རིག་ཅན་གྱི་བཅོས་བསྒྱུར་གྱི་ཁ་ཕྱོགས་ལ་དམ་དུ་དམིགས་ནས། ཞིང་ཆེན་ཏང་ཨུའི་རེ་བ་དང་སྤྱིའི་བཟོ་ཚོགས་ཀྱི་བྱ་བའི་བཀོད་སྒྲིག་ལ་དཔེ་ལྟ་བྱེད་པ་དང་། བཟོ་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་བཟོ་ཚོགས་རང་སྟེང་གི་བཅོས་བསྒྱུར་འཛུགས་སྐྲུན། མང་ཚོགས་ཚོགས་པ་དང་མི་དམངས་ཚོགས་པའི་མཉམ་ལས་ཅན་སོགས་བཅོས་བསྒྱུར་ལས་འགན་གསུམ་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏང་དགོས། འགན་འཁྲི་གཙོ་བོ་དང་གཙོ་ལས་ལ་དམིགས་པ་དང་། ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་གནས་བབ་ལ་ཞབས་འདེགས་ཞུ་བ། ཁེ་དབང་སྲུང་སྐྱོང་ཞབས་ཕྱི། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་པ། བསམ་བཀོད་གཅིག་དང་སྟོབས་ཤུགས་གཅིག་བསྡུས་ཀྱི་མཉམ་ཤུགས་ཆེན་པོར་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏང་དགོས། བཟོ་ཚོགས་ཀྱི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྟེང་ཤུགས་བཏོན་ནས། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་མཚོ་སྔོན་གྱི་བཟོ་བའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།

ཚོགས་ཐོག་ནས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད་འབྲེལ་ཡོད་མི་དོན་བྱ་བའི་དམངས་གཙོ་སྒྲིག་ལམ་ལག་བསྟར་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།