མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

  2025-02-22 21:55:37  ཁྲིམས་སྐྱོང་ཚགས་པར།

ཟླ2པའི་ཚེས20ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བྱ་བ་བརྗེ་རེས་དང་བསམ་བློ་གཅིག་གྱུར། ཐུན་མོང་ལྟ་བ་ཇེ་དྲག་ཏུ་བཏང་སྟེ། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་གྲ་སྒྲིག་བྱ་བ་སྔར་ལས་བཟང་པོར་བསྒྲུབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚོགས་འདུ་སྡུད་མཁན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། ལིའུ་ཐུང་ཏི་དང་ཝང་ཞོན། ཝང་ཅན། ཝང་ཁུན། ཀྲུའུ་ཁྲུན་ཡུན། ལིས་ཆིན། ཨི་ཁྲུང་རུང་། ཀྲའོ་ཧའེ་ཞིན། ཀའོ་ཆིན་པོ། ཅིན་ཧྭ། མཱ་ཧའེ་ཅུན། ཧན་ཝུན་ལེན་བཅས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་གཉིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པར་དམིགས་ནས། ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་ཐད་ནས་རེ་རེ་བཞིན་བརྗེ་རེས་གཏམ་བཤད་སྤེལ། ཚང་མས། ཞིང་ཆེན་ཏང་ཨུའི་མངག་བཅོས་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་སེམས་ལ་བརྟན་པོར་འཛིན་པ་དང་། ཚོགས་སྲོལ་སྒྲིག་ལམ་བརྟན་སྲུང་བྱེད་པ། སྤུས་ཚད་མཐོ་བའི་བློ་འདོན་ཇུས་འབུལ་བྱས་ནས། རང་ཞིང་རྒྱལ་ཡོངས་ཀྱི་སྤྱིའི་གནས་བབ་ཁྲོད་འདྲེས་པར་བྱེད་པ་དང་རྒྱལ་ཡོངས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་རོགས་འདེགས་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ལོ་གཉིས་ལྷག་གི་འགན་སྒྲུབ་ལག་ལེན་གྱི་སྦྱོང་བརྡར་བརྒྱུད་དེ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་ལངས་གནས་དང་གནད་དོན་ལ་ཞིབ་འཇུག་དང་བསམ་གཞིགས་གཏོང་བའི་ནུས་པ། འགན་འཁྲི་འདུ་ཤེས་དང་འབད་འཐབ་སྙིང་སྟོབས་སོགས་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་བྱ་བ་གཙོ་བོ་ནམ་ཡང་སེམས་ལ་བརྟན་པོར་བཟུང་ལ། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། མཐོ་སྒང་གི་ཁམས་གསོ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཕྱོགས་ནས་ལྟ་ཚུལ་ཡོད་པ་དང་ཤན་ཤུགས་ལྡན་པ། ཆུ་ཚད་ལྡན་པའི་གྲོས་གཞི་བསམ་ཚུལ་མང་པོ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་བཞག

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཇུས་འགོད་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པར་དོན་སྙིང་ཆེན་པོ་ལྡན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་གལ་ཆེན་ཀྱི་དགེ་མཚན་ལ་རྒྱབ་རྟེན་ཤེས་པར་བྱེད་པ་དང་། བྱེ་བྲག་གི་དཔེ་གཞི་ལ་བརྟེན་ནས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་པ་དང་འགྱུར་ལྡོག་གསར་པ། ལག་ལེན་གསར་པ་དྲིལ་སྒྲོག་དང་འགྲེམ་སྟོན་བྱས་ནས། མཚོ་སྔོན་གྱི་ཤན་ཤུགས་དང་མཚན་སྙན་ཇེ་མཐོར་གཏང་དགོས། མཚོ་སྔོན་གྱི་ལོ་སར་རྗེས་ཀྱི་གྲོས་ཚོགས་དང་པོའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། རང་འགུལ་གྱིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྱི་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཐབས་ལམ་མང་པོ་ནས་ལྗང་མདོག་རྩིས་ནུས་དང་གཞི་གྲངས་ཆེན་པོ། རྒྱུ་ཆས་གསར་པ། ལྗང་མདོག་ནུས་གསོག མཐོ་སྒང་གི་ཁམས་གསོ་སོགས་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་དྲིལ་སྒྲོག་བྱ་བ་བཟང་པོར་བསྒྲུབ་སྟེ། མཚོ་སྔོན་གྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དབྱངས་རྟ་གཙོ་བོ་སྒྲོག་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་སྤུས་ཚད་ཀྱི་རེ་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོས་གཞི་དང་ཚོགས་ཆེན་གྱི་ཡིག་ཐོག་གཏམ་བཤད། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བཅས་མུ་མཐུད་དུ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ལས་རིགས་སོ་སོའི་གྲོས་ཞིབ་གྲོས་སྡུར་གྱི་གཏམ་བཤད་གྲ་སྒྲིག་བཟང་པོར་བྱེད་པ། འགན་འཁྲི་འདུ་ཤེས་མཐོན་པོ་དང་བསམ་པའི་རྣམ་པ་བཟང་པོ་ཁྱེར་ནས་ཚོགས་འདུར་ཞུགས་པ་དང་འགན་སྒྲུབ་བྱེད་པ། འགན་འཁྲི་ལག་བསྟར་བྱ་དགོས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་བརྩེ་སེམས་ཟབ་མོས་ཞབས་ཕྱི་འགན་སྲུང་གི་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པ་དང་། ལྷག་པར་དྲིལ་སྒྲོག་བྱ་བར་ཇུས་འགོད་དང་རྩ་འཛུགས་བཟང་པོ་བྱས་ནས། ཕྱོགས་ཡོངས་ནས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་སྣང་བརྙན་བཟང་པོ་དྲིལ་སྒྲོག་འགྲེམ་སྟོན་བྱ་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།