ཚེས20ཉིན་རྒྱལ་ཡོངས་སྤྱི་ཚོགས་བྱ་བའི་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བགྲོད་ལམ་དུ་བསྐྱོད་དེ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྲུན་བཅས་འབུར་དུ་དོད་ནས། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་སྣེ་ཁྲིད་པ་དམ་འཛིན་བྱས་ཏེ། མང་ཚོགས་གཅིག་བསྡུས་སྒོས་ཞབས་ཕྱི་སྒྲུབ་པ་དམ་འཛིན་བྱས་ནས། དུས་རབས་གསར་པའི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་འཁོར་སྐྱོད་ཆོས་ཉིད་དང་བཅོས་སྐྱོང་ཆོས་ཉིད་སྔར་ལས་ལེགས་པར་ཁོང་དུ་ཆུད་པ་བྱས་ནས། རྒྱུན་ཆད་མེད་པར་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་འདེད་གཏང་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཡར་རྒྱས་དགེ་སྒྲུབ་ཀྱི་དྲང་ནུས་སྐུལ་སྤེལ་གཏང་དགོས། ནུས་ཤུགས་ཡོད་རྒུས་གཅེས་སྐྱོང་ཞབས་ཕྱིར་ཤུགས་བསྣན་ཏེ་སྤྱི་ཚོགས་ཀྱི་ཚོགས་པ་མི་འདྲ་བས་སེམས་ཁུར་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱ་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁ་སྔོན་འགོག་དང་སེལ་བ་དམ་འཛིན་ཡག་པོ་བྱ་དགོས། མཉམ་བསྐྲུན་དང་མཉམ་བཅོས། མཉམ་སྤྱོད་ཀྱི་འདུ་ཤེས་ལག་བསྟར་བྱས་ནས་ཕྱོགས་སོ་སོ་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་རྒྱུར་ཁྲིད་སྟོན་བྱ་དགོས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཧུར་ཐག་གིས་འཚོལ་ཞིབ་དང་གསར་གཏོད་བྱས་ནས། སྤྱི་ཚོགས་ཀྱི་བྱ་བ་གཅིག་གྱུར་གྱིས་ལེགས་པར་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་ཏང་གི་རྩ་འཛུགས་ཁེབས་ཚད་དང་བྱ་བའི་ཁེབས་ཚད་མཐོ་རུ་བཏང་ནས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྲུན་བྱ་བར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་པ་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་གནད་དོན་ཐག་གཅོད་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། མི་དམངས་ཀྱི་འཕྲིན་བཅར་དང་མི་དམངས་ཀྱི་གྲོས་མགོ་གཅིག་བསྡུས། དང་བླངས་ཞབས་ཕྱི་སོགས་ཀྱི་བྱ་བ་དངོས་གནས་ཡག་པོར་བསྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།