མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་། ཧྲི་ཐའེ་ཧྥིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

  2025-02-22 21:49:23 

ཟླ2པའི་ཚེས19ཉིན། རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིམ་པ་གསར་པའི་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས། ཀྲུང་གྲུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཧྲི་ཐའེ་ཧྥིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་ལ། སྤྱི་ཚོགས་རིམ་པ་གསར་པའི་མི་སྣ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་མཁན་ཡིན་པས། ཁོ་ཚོ་རྩ་འཛུགས་བྱས་ཏེ་མཛུབ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་བྱེད་ནུས་འདོན་སྤེལ་བྱ་དགོས། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག སྤྱི་ཚོགས་རིམ་པ་གསར་པའི་མི་སྣས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ནས་འཕེལ་རྒྱས་མངོན་གསལ་བླངས་ཡོད། དུས་རབས་གསར་པ་དང་བསྐྱོད་ལམ་གསར་བའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྤྱི་ཚོགས་རིམ་པ་གསར་པའི་མི་སྣ་འདུ་བའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱ་དགོས།

ཧྲི་ཐའེ་ཧྥིན་གྱིས་བསྟན་དོན། སྤྱི་ཚོགས་རིམ་པ་གསར་པའི་མི་སྣ་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་མགོ་ཁྲིད་འོག་མཉམ་དུ་འབད་འཐབ་བྱེད་པའི་ཡིད་ཆེས་དང་གདེང་ཚོད་སྔར་ལས་བརྟན་པོ་བྱེད་པ། དཀྱིལ་སྙིང་ལ་དམིགས་ནས་བྱེད་ནུས་འདོན་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཁྲོད་འཛུགས་སྐྲུན་མཁན་གྱི་འགན་འཁྲི་ལ་སྐུལ་འདེད་གཏོང་བར་སྔར་ལས་འབད་བརྩོན་བྱ་དགོས། སྤྱི་ཚོགས་རིམ་པ་གསར་པའི་མི་སྣས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣ་སྔར་ལས་མང་པོ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དང་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏང་དགོས།

ཀྲང་དབྱི་དང་ཝང་ཀའོ་ཧྥའེ། ཀོན་ཡུན་ཧོང་། ཧི་ཅུན། ཀྲའོ་ཡའེ་ཡའེ་སོགས་འཐུས་ཚབ་མི་སྣས་བརྗེ་རེས་གཏམ་བཤད་སྤེལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ། དྲ་ཚིགས་མི་སྣའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ། སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་ཞབས་ཕྱི་ཚོགས་པའི་ཡན་ལག་ཚོགས་པའི་ཚོགས་གཙོ་དང་ལག་བསྟར་ཚོགས་གཙོ་སོགས་མི་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།