མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

  2025-02-20 18:26:17 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས18ཉིན་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཁབ་ཁྲིམས་འཛིན་ཐིན་དང་ཅུའུ་ཡི་ཐིན་ཅུའུ་ཀྲང་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་བྱ་བར་སྤྱི་སྡོམ་བྱས་ལ། 2025ལོའི་ལས་འགན་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གིས་ཉེན་ཁ་འགོག་བཅོས་དང་བདེ་འཇགས་འགན་སྲུང་། ཚད་ལྡན་དམ་འཛིན། བསྒྱུར་བཀོད་གཙོར་འཛིན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་གཙོ་ཐིག་ལ་དམ་དུ་དམིགས་ནས། དྲང་འཛིན་གསར་གཏོད་དང་དཀའ་སྤྱད་མདུན་སྐྱོད་བྱས་པས། བསྟུད་མར་ལོ་ཉེར་གསུམ་རིང་ལ་ལྟ་རྟོག་བདེ་འཇགས་ཐད་ཀྱི་བཞི་མེད་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་ཞུ་འགན་སྲུང་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་བཞག

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་གྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་དང་ཉམས་མྱོང་གལ་ཆེན། འཕེལ་རྒྱས་ཀྱི་གནས་བབ་བཟང་བོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་གཟིགས་སྐྱོང་དང་རྒྱབ་སྐྱོར་ཤུགས་ཆེན་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་། ཆབ་སྲིད་ཀྱི་གཅིགས་གྱུར་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་ཤུགས་ཆེན་པོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་བཅས་ཀྱི་བཙོན་ཁང་བྱ་བའི་ཐད་ཀྱི་བཀོད་སྒྲིག་རེ་བ་སྣ་ཚོགས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱ་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ལག་བསྟར་ནུས་ཤུགས་སྔར་ལས་ཆེན་པོས་བདེ་འཇགས་ཆེན་པོའི་རྣམ་པ་འཛུགས་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། བཙོན་ཁང་རྒྱུན་མཐུད་ངང་བདེ་འཇགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། དངོས་འཐབ་ཀྱི་དགོས་མཁོ་འབུར་དུ་ཐོན་པར་བྱས་ཏེ། སྒྲིག་ལམ་སྤྱོད་ཚུལ་སྔར་ལས་དམ་པོས་བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྒྲིག་ལམ་དམ་པོས་ཏང་དང་མི་དམངས་སེམས་བདེ་ཡིད་ཚིམ་གྱི་བྱང་ཚད་མཐོ་བའི་མི་དམངས་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་མ་ལག་གི2024ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ལས་འབྲས་དཔྱད་ཞིབ་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་ཁྲུའུ་དང་གཞུང་སྒྲུབ་ཁང་། ལྟ་རྟོག་སྒྱུར་བཀོད་ཀྱི་སྔོན་ཐོན་སྡེ་ཁག་བཅས་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། སངས་བཀྲ།