མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྡེ་ཁག་མང་པོས་བྱེད་ཐབས་བཏོན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།

  2025-02-20 18:24:36 

གསར་འགོད་པས་སྡེ་ཁག་མང་པོ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བྱེད་ཐབས་མང་པོ་བཏོན་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།
ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ད་ལོར་དམངས་གཉེར་ཁེ་ལས་ཀྱི་ཁྲོམ་རར་འཇུག་འཐུས་ཚད་གཞི་གཏོར་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་དམངས་གཉེར་ཁེ་ལས་ལ་དྲང་གཞག་སྒོ་འབྱེད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི“ལྕི་མོ་གཉིས”དང“གསར་པ་གཉིས”ནང་ཧུར་ཐག་གིས་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་རྩིས་ཁྲའི་དངུལ་ཆད་འགྱངས་བྱེད་པའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་རིན་གོང་མཐོ་བའི་གནད་དོན་མུ་མཐུད་དུ་འབད་བརྩོན་ཆེན་པོས་ཐག་གཅོད་བྱ་དགོས། ཁྲིམས་གཏན་འཁེལ་བྱས་པའི་གོ་རིམ་ལྟར་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། སྒྲིག་འགལ་གྱིས་ས་གནས་གཞན་དུ་ཁྲིམས་འཛིན་དང་ཁེ་ཕན་བརྩོན་ལེན་རང་བཞིན་གྱི་ཁྲིམས་འཛིན་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བསྟན་དོན། ཀུན་ཕན་རང་བཞིན་དང་དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་མང་བ་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་ཁེ་ལས་སྐས་རིམ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ཇེ་ལེགས་དང་སྟོབས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། 2026ལོར་སླེབས་སྐབས་ཆེད་ལས་སྤུས་ལེགས་དང་དམིགས་བསལ་གསར་པའི“གྱད་མི་ཆུང་ཆུང”གི་ཁེ་ལས5000ཡན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། 2026ལོར་སླེབས་སྐབས་གྲོང་ཁྱེར་100ཡི་ཁེ་ལས་འབྲིང་ཆུང་ཁྲི་བཞི་གཞི་གྲངས་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱ་དགོས།

དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་བསྟན་དོན། དམངས་གཉེར་ཁེ་ལས་ཆུང་གྲས་ཀྱི་ཐོག་མའི་དངུལ་བུན་དང་། མུ་མཐུད་དུ་དངུལ་བུན་གཏོང་བ། ཡིད་རྟོན་དངུལ་བུན་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དམངས་ཁྲོད་ཀྱི་གཙོ་གནད་དངུལ་གཏོང་ལས་གཞི་ལ་དངུལ་ཁང་དང་ཁེ་ལས་བར་གནད་ལ་འཁེལ་བའི་འབྲེལ་མཐུད་སྟེགས་བུ་བསྐྲུན་ནས།“ཁེ་ལས་ཆུང་ཆུང་གི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་བྱ་བའི་ལམ་སྲོལ་ལ་རྒྱབ་སྐྱོར་བྱེད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་བློ་ཡིད་ཚིམ་ཚད་དངོས་གནས་ཆེ་རུ་གཏང་དགོས། དམངས་གཉེར་ཁེ་ལས་ཀྱི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་དང་འཐུས་ཚང་དུ་གཏང་དགོས།

ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ད་ལོ་ཐོ་འགོད་སྟབས་བདེ་ཅན་གྱི་བཅོས་སྒྱུར་ལག་བསྟར་གཏིང་ཟབ་བྱས་ནས་ཁེ་ལས་ཀྱི་ཚེ་སྲོག་ཧྲིལ་པོའི་འཁོར་ཡུན་ཞབས་ཞུ་ཁྱབ་གདལ་དུ་གཏང་རྒྱུ་རེད། དྲང་གཞག་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ཀྱི་མཁྲེགས་གཤིས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་གནས་སྤོ་དཀའ་བ་དང་ས་གནས་ཀྱི་མངོན་མེད་བཀག་རྒྱ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་གང་བྱུང་བསྡུ་བ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ནས། ཁེ་ལས་བདེ་ཐང་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དུ་འཇུག་དགོས།

རྩོམ་སྒྲིག་པ། སངས་བཀྲ།