མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱས།

  2025-02-20 18:25:22 

ཟླ2པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་གད་སྙིགས་མེད་པའི་གྲོང་ཁྱེར་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་བར་ཁྱད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྲ་གཟུགས་གད་སྙིགས་ཀྱི་བཙོག་བཟོ་འགོག་བཅོས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་སོགས་ཕྱོགས་ལ་རྒྱུན་མཐུད་ངང་ཤུགས་བཏོན་ནས། གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། སྟོབས་ཤུགས་ཡོད་རྒུས་དག་གཙང་མཚོ་སྔོན་འཛུགས་སྐྲུན་བྱས།

གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་། མཚོ་སྔོན་གྱིས་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་འབྲེལ་ཡོད་འཆར་འགོད་དང་རྩ་གནད་ཁྲོད་བཞག་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གྲོས་གཞི་གཏན་འབེབས་དང་པར་འགྲེམ་བྱས་ནས། གྲོང་ཁྱེར་དང་ཁུལ་གཞན་པའི་སྲ་གཟུགས་གད་སྙིགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཉམ་དུ་མཐོར་འདེགས་བཏང་། གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་དང་ཞིང་ཆེན་རིམ་པའི་ཆེད་མཁས་པའི་རོགས་སྐྱོར་ལམ་ལུགས་བཙུགས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཆེད་མཁས་པ་གདམ་ཞུ་བྱས་ཏེ། ས་ཆ་སོ་སོས་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱས།

གད་སྙིགས་མེད་པའི་གྲོང་ཁྱེར་གྱི་བར་ཁྱད་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ས་ཁོངས་ཀྱི་ཁྱད་ཆོས་འབུར་ཐོན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་བཟོ་ལས་དང་ཞིང་ལས། འཚོ་བའི་ཁྱབ་ཁོངས་སུ་དམིགས་ནས། བཟོ་ལས་ཀྱི་སྲ་གཟུགས་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་སོགས་སྲ་གཟུགས་གད་སྙིགས་བེད་སྤྱོད་ཐག་གཅོད་ཕྲེང་འབྲེལ་གསར་སྐྲུན་བྱས་པ་དང་། གད་སྙིགས་དང་འབྲེལ་བའི་ལས་གཞི་གཙོ་བོར་འཆར་འགོད་བྱས་ཏེ། མཁར་གཙོ་ཁུལ་གྱི་འཚོ་བའི་གད་སྙིགས་མེད་པར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ན་གོར་མོའི་བཟོ་ལས་གླིང་ཁྲ་ཨར་ཧན་ཐོན་ལས་རྟེན་གཞི་ཆེན་པོས་ཐོག་མར་གད་སྙིགས་མེད་པའི་གླིང་ཁུལ་དཔེ་སྟོན་འཛུགས་སྐྲུན་སྤེལ་བ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་འཁྱག་དང་མཚོ་འཕགས་མཐོ་བའི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་དཔེ་གསར་བར་འཚོལ་ཞིབ་བྱས་ནས། གད་སྙིགས་མེད་པའི་འདུ་ཤེས་ཇེ་བརྟན་དུ་བཏང་།

རིགས་བཀར་ནས་སྲིད་ཇུས་སྤྱད་དེ་སྲ་གཟུགས་གད་སྙིགས་བཙོག་བཟོ་འགོག་བཅོས་བྱེད་པར་སྐུལ་འདེད་བཏང་། ཉེན་ཁ་ཆེ་བའི་གད་སྙིགས་ཐག་གཅོད་བེད་སྤྱོད་ཀྱི་སྒྲིག་ཆས་བཀོད་སྒྲིག་ལེགས་བསྒྱུར་བྱས་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་དང་ན་གོར་མོ་གྲོང་ཁྱེར་གྱི་སྨན་བཅོས་གད་སྙིགས་ཐག་གཅོད་ལྟེ་གནས་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱས་ལ། རྫོང་རིམ་པ་ཡན་གྱི་སྨན་བཅོས་གད་སྙིགས་ཡོངས་སུ་བསྡུ་རུབ་དང་ཡོངས་སུ་ཐག་གཅོད་བྱས་པ་དང་། མཐའ་འཁོར་ས་ཁུལ་གྱི་སྨན་བཅོས་གད་སྙིགས་བསྡུ་རུབ་བཟང་བོ་བྱས། ཞིང་་ལས་ཀྱི་སྲ་གཟུགས་གད་སྙིགས་དངོས་ཟོག་ཅན་གྱི་བེད་སྤྱོད་ཆུ་ཚད་ཇེ་མཐོར་བཏང་།

ཚན་རིག་གསར་གཏོད་ཀྱིས་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ཐད་རོགས་འདེགས་བྱས། འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལས་གཞིའི་དངུལ་གཏོང་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་སོང་བ་དང་། སྲ་གཟུགས་གད་སྙིགས་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཀྱི་ལག་རྩལ་ཞིབ་སྤེལ་བྱས། གཞི་གྲངས་ཆེན་པོ་སོགས་ཆ་འཕྲིན་ཅན་གྱི་ལག་རྩལ་བེད་སྤྱོད་བྱས་པ་དང་། སྲ་གཟུགས་གད་སྙིགས་ཀྱི་རིག་སྟོབས་དོ་དམ་སྟེགས་བུ་བཙུགས་ཏེ། སྲ་གཟུགས་གད་སྙིགས་བྱུང་བ་དང་བསྡུ་རུབ། སྐྱེལ་འདྲེན། ཐག་གཅོད་སོགས་དུས་རིམ་ལ་དངོས་སུ་ལྟ་རྟོག་དང་གཞི་གྲངས་དབྱེ་ཞིབ་བྱས་། སྡེ་ཁག་མང་པོའི་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། མཉམ་དུ་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། སངས་བཀྲ།