མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྨ་ཆེན་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ལྗང་མདོག་ཅན་དུ་བསྒྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་།

  2025-02-20 18:25:40 

ཟླ2པའི་ཚེས19ཉིན། གསར་འགོད་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཚོགས་འདུ་གཉིས་ནས་ཤེས་གསལ་ལྟར་ན། 2024ལོར། རྨ་ཆེན་རྫོང་གིས་ཁྱོན་བསྡོམས་ནོར་ལུག108700བཤས་པ་དང། མངགས་ཐོའི་འབྲི་གཡག་ཕྱིར་འཚོང་གི་ཚད་སྒོར་ཁྲི6356ཟིན་པ་དང་རོང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར3དང་བྱེ་བ4ཟིན་ཡོད་ལ། སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།

2024ལོར། རྨ་ཆེན་རྫོང་གིས་ཕྱུགས་རྒྱུད་ལེགས་བཅོས་དང་། ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས། སྐྱེ་ལྡན་དཔང་དངོས་ར་སྤྲོད་བྱེད་པ། མི་ཐབས་ལ་བརྟེན་ནས་ཟེའུ་འབྲུ་ལེན་པ། ཕྱུགས་ར་དང་གཟན་རྩྭ་གཏོང་འདྲེན་གྲབས་གསོག་སོགས་འགན་ལེན་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཞིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2དང་བྱེ་བ8ལྷག་ཙམ་བཏང་ནས་མཉམ་འབྲེལ་སྤྱི་ཁྱབ་ཁང་དང་། ཟོག་འགྲེམས་ཐོན་ལས་གླིང་། ཕྱུགས་རིགས་ཉོ་ཚོང་ལྟེ་གནས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། འབྲོག་ལས་ཐོན་ལས་གསོ་སྤེལ་དང་བཤས་གཏོང་། ལས་སྣོན། ཕྱིར་འཚོང་སོགས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཐོག་མའི་རྣམ་པ་རགས་ཙམ་ཆགས་ཡོད།

2025ལོར། རྨ་ཆེན་རྫོང་གིས་ས་གནས་རང་གི་ཁྱད་ཆོས་ཡོད་པའི་འབྲི་གཡག་དང་ལུག་གི་སྤུས་ཚད་མཐོ་བའི་གསོ་སྤེལ་གྱི་རྩ་དོན་གཞིར་བཟུང་ནས་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་འབྲི་གཡག་ཁྲི3གསོ་སྤེལ་བྱེད་ཐུབ་པའི་རྟེན་གཞི་གསུམ་དང་། བོད་ལུག་ཁྲི་ལྷག་གསོ་སྤེལ་བྱེད་ཐུབས་པའི་རྟེན་གཞི་གཉིས། གཟན་རྩ་འདེབས་འཛུགས་རྟེན་གཞི་ས་མུའུ་ཁྲི2བཅས་ཧུར་ཐག་གིས་བསྐྲུན་རྒྱུ་རེད། དུས་མཚུངས་གངས་རི་ཀུང་སི་དང་། མཉམ་འབྲེལ་སྤྱི་ཁྱབ་ཁང་། ཟོག་འགྲེམས་ཐོན་ལས་གླིང་། ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་སོགས་ཁེ་ལས་ཀྱི་ལས་སྟེགས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གསོ་ཚགས་དང་ལས་སྣོན། ཕྱིར་འཚོང་སོགས་ཁྱབ་ཁོངས་ཀྱི་ཁ་གསབ་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུ། གཞན་ཞང་ཀང་ཁྲོམ་རའི་ཚད་མཐོའི་ཆོག་འཐུས་ཐོབ་ཐང་དམ་འཛིན་ནན་མོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ཞབས་ཕྱིའི་ལམ་སྲོལ་བཙུགས་ནས་དངུལ་ལོར་རྩིས་རྒྱག་དང་ཟོག་འགྲེམ་སྐྱེལ་འདྲེན། ཐོན་རྫས་འབྲེལ་མཐུད་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་། ཕྱིར་འཚོང་བྱེད་པར་རྒྱུན་རྣམ་ཅན་གྱི་ཐབས་ལམ་བཏོན་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཕན་འབྲས་མགྱོགས་མྱུར་ངང་དཔལ་འབྱོར་ཡོང་འབབ་ཏུ་བསྒྱུར་རྒྱུ་རེད།

རྩོམ་སྒྲིག་པ། སངས་བཀྲ།