ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ཟླ2པའི་ཚེས17ཉིན་ནས་ཚེས18ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། གྲོས་ཚོགས་ལས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་གཙོ་འཚོ་བའི་ཚོགས་འདུ་དེ་ཚད་གཞིར་བརྩིས་ནས། ཚོགས་འདུའི་བརྗོད་གཞིར་དམ་པོར་དམིགས་པ་དང་། དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱས་ལ། གནད་དོན་ཞིབ་བཤེར་ནན་མོ་བྱས་པ་དང་། གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་བྱས་ཤིང་། ལེགས་བཅོས་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པས། བསམ་བློ་གཅིག་གྱུར་དང་མཐུན་སྒྲིལ་ཡར་སྐུལ། ཕན་ཚུན་ལྟ་རྟོག ཐུན་མོང་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་ཕྱོགས་སྡོམ་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཚན་ཆུང་དང་པོ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཏང་ཙུའུ་ཁོངས་མི་མིན་པའི་ཀྲུའུ་རིན་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱས་པར་མ་ཟད་བསམ་འཆར་གྲོས་གཞི་བཏོན།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ལེགས་པོར་འཚོགས་པར་ཚད་མཐོན་པོས་མཐོང་ཆེན་བྱེད་ཀྱིན་ཡོད་དེ། ཚོགས་འདུའི་སྔོན་ལ། བྱ་བའི་ཇུས་གཞི་ཞིབ་ཚགས་གཏན་འབེབས་བཟོས་ནས་སེམས་གཏམ་གླེང་མོལ་བྱས་པ་དང་། ཕྱོགས་མང་པོའི་བསམ་འཆར་གྲོས་གཞིར་ཉན་ཞིང་། གཤིབ་སྡུར་ཞིབ་བཤེར་རྒྱུ་ཆ་ནན་ཏན་གྱིས་བྲིས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བགྲོ་གླེང་བརྗེ་རེས་བྱས་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོར་བསྡུ་བར་བསམ་བློའི་རྨང་གཞི་བརྟན་པོ་བཏིངས། གྲོས་ཚོགས་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་དང་། ཚོགས་འདུའི་སྔོན་གྱི་གྲ་སྒྲིག་གནས་ཚུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གནད་དོན་ཞིབ་བཤེར་ལེགས་བཅོས་དོན་འཁྱོལ་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས། ཝང་ལིས་མེན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཚན་ཁག་གི་ཚབ་བྱས་ནས་གཤིབ་སྡུབ་ཞིབ་བཤེར་བྱས་པ་དང་། ཕྱོགས་ལྔ་ནས་གོ་རིམ་རྗེས་མའི་ལེགས་བཅོས་བྱེད་ཐབས་བཏོན་པར་མ་ཟད་ཚང་མའི་སྣེ་ཁྲིད་དེ་མི་སྒེར་གྱི་གཤིབ་སྡུར་ཞིབ་བཤེར་བྱས་ཤིང་། ཏང་ཙུའུ་བློ་མཐུན་གཞན་པ་རྣམས་ཀྱིས་རེ་རེ་བཞིན་གཤིབ་སྡུར་ཞིབ་བཤེར་བྱས་པ་དང་། ནན་ཏན་སྒོས་སྐྱོན་བརྗོད་དང་རང་ངོས་སྐྱོན་བརྗོད་བྱས་ལ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་མོ་ཞིག་རོལ་ནས། ཕྱོགས་ཡོངས་ཀྱི་བསམ་བློ་གཙང་སེལ་དང་ཏང་གཤིས་སློབ་གསོ་སྤེལ།
ཝང་ལིས་མེན་གྱིས་ཕྱོགས་སྡོམ་གཏམ་བཤད་ཁྲོད་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཤུགས་སྣོན་བཞིའི་བླང་བྱ་བཏོན་པ་སྟེ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱ་དགོས། སློབ་སྦྱོང་གི་གྲུབ་འབྲས་ཚུལ་སྒྱུར་དེ་ཕུགས་འདུན་བརྟན་པོ་དང་ཏང་གཤིས་གསོ་སྦྱོང་གི་རང་རྟོགས་མཐོན་པོར་བསྒྱུར་བ་དང་། རང་འཁྲིའི་བྱ་བ་ལེགས་པོར་བསྒྲུབ་པ་དང་དམངས་ཆེན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་དུ་བསྒྱུར་དགོས། ལས་འགན་ཁག་ཁུར་ལ་ཤུགས་བསྣན་ནས། ཁྲིམས་ལྟར་ལས་སྒྲུབ་ཁག་ཁུར་བྱ་དགོས། ལངས་གནས་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། བསྐོ་བཞག འཐུས་མི་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་བར་འཆར་འགོད་བྱས་ནས། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་པའི་སྒུལ་ཤུགས་གཙོ་བོར་བསྒྱུར་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་ཁུངས་བཞི་འཛུགས་སྐྲུན་བྱ་དགོས། སྤྱོད་གཙང་མི་སྣ་གསོ་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། གཟབ་ནན་ལས་སྒྲུབ། ལས་བརྩོན་ལས་སྒྲུབ། སྤྱོད་གཙང་ལས་སྒྲུབ་བཅས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ལེགས་བཅོས་དངོས་འབེབས་ལ་ཤུགས་བསྣན་ནས། དངོས་འབྲས་ཐོན་པར་ཁག་ཐེག་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལེགས་བཅོས་ལས་འགན་ལ་དམིགས་པ་དང་། ལེགས་བཅོས་འགན་འཁྲི་དངོས་འབེབས་བྱས་ནས། ལེགས་བཅོས་བྱ་བར་ཕན་འབྲས་དངོས་ཐོབ་པར་གཅིག་འདོམས་སྒོས་སྐུལ་འདེད་གཏང་དགོས།