མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྐང་ཚ་མཚོ་སྔོན་པོའི་བྱང་ཕྱོགས་འགྲམ་རྒྱུད་ཀྱི་སྐྱེ་ལྡན་ཕྱུགས་རར་གྱུར།

  2025-02-19 17:44:03 

ཟླ1པོའི་ཚེས17ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ1པོའི་ཚེས17ཉིན། རྐང་ཚ་རྫོང་ལ་སོ་སོར་རྒྱལ་ཁབ་ཁས་ལེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་མངག་བཅོལ་ལས་ཁུངས་ཀྱིས་བྱིན་པའི་དཔང་ཡིག་སྟེར་བའི་ཐག་གཅོད་ཡི་གེ་དང་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག་ཐོབ་པ་དང་། དཔང་ཡིག་ལས2025ལོར་སྐྱེ་ལྡན་སྐམ་ལུག་ཤ་སོ་སོར་ཏུན4429དང་ཏུན4081ཚོང་རར་ཕྱིར་གཏོང་བྱེད་པ་གཏན་ཁེལ་བྱས་ཡོད། དཔང་ཡིག་འདི་ཐོབ་པ་ལས། རྐང་ཚ་རྫོང་གིས་སྐྱེ་ལྡན་ཕྱུགས་རའི་རྫོང་ཁོངས་ཧྲིལ་བོའི་ཁས་ལེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ། མཚོ་སྔོན་པོའི་བྱང་ཕྱོགས་འགྲམ་རྒྱུད་ཀྱི་སྐྱེ་ལྡན་ཕྱུགས་རར་གྱུར་པ་མཚོན་ཡོད།

རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་གིས་སྤྱི་ཆིངས་འབུམ་དྲུག་ཁྲི་གསུམ་དང་སྟོང་བདུན་དགུ་བརྒྱའི་རྩྭ་ས་བེད་སྤྱོད་བྱེད་ཆོག་ཅིང་། ལྷན་སྐྱེས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཁྱད་དུ་འཕགས་པའི་རང་བྱུང་གི་ཆ་རྐྱེན་ལས་རྐང་ཚ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདོན་སྤྲོད་བྱས་ཡོད། 2015ལོར། རྐང་ཚ་རྫོང་གིས་སྐྱིད་སྨོན་ཡུལ་ཚོ་དང་གྲུབ་བཞི་ཡུལ་ཚོའི་ཆེད་ལས་མཉམ་ལས་ཧྲི་བཅུ་ཡི་འབྲོག་ཁྱིམ་ཆིག་སྟོང་བརྒྱད་བརྒྱ་ལྷག་སྔོན་ལ་གདམ་སྟེ། སྤྱི་ཆིངས་འབུམ་གཉིས་ཁྲི་བཞི་རྩྭ་རའི་ནང་ནོར་ལུག་འབུམ་གཉིས་ཁྲི་བརྒྱད་ལྷག་གསོ་གཉོར་བྱས་ཏེ་སྐྱེ་ལྡན་ཐོན་རྫས་ཁས་ལེན་དོ་དམ་བྱ་བ་སྤེལ་པ་དང་། 2017ལོར་ནོར་ལུག་གསོ་གཉོར་གྱི་སྐྱེ་ལྡན་བརྗེ་སྒྱུར་ཁས་ལེན་དཔང་ཡིག་ཐོབ། 2025ལོའི་བར་དུ་བསྟུད་མུར་ལོ་བརྒྱད་རིང་རྒྱལ་ཁབ་ཁས་ལེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་མངག་བཅོལ་ལས་ཁུངས་ཀྱིས་བྱིན་པའི་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག་ཐོབ་ཡོད། 2023ལོར། རྐང་ཚ་རྫོང་གིས་ཞིང་ཕྱུགས་ཐོན་རྫས་སྤུས་འདེགས་རྒྱ་སྐྱེད་གཏོང་བའི་སྐྱེ་ལྡན་ཁས་ལེན་དོ་དམ་བྱ་བའི་ནུས་ཚད་ཆེ་རུ་བཏང་སྟེ། རྫོང་དེའི་ནོར་ལུག་ཐད་སྐྱེ་ལྡན་ཁས་ལེན་དོ་དམ་བྱས་མེད་པའི་དཔལ་དགེ་ཡུལ་ཚོ་དང་། འོམ་ཆུ་གྲོང་རྡལ། ཁྱོན་རྒྱས་ཡུལ་ཚོ་བཅས་ཀྱི་ཁྱིམ་ཚང5800དང་ནོར་ལུག་གསོ་སྤེལ་ཁྱིམ་ཚང་དང་། གསོ་སྤེལ་རྩྭ་ར་སྤྱི་ཆིངས་འབུམ་གསུམ་ཁྲི་ལྔ་དང་སྟོང་བདུན་སུམ་བརྒྱའི་སྟེང་གི་ནོར་ལུག་འབུམ་གསུམ་ཁྲི་ལྔ་ཙམ་སྐྱེ་ལྡན་གསོ་གཉོར་ཁས་ལེན་གྱི་དོ་དམ་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་རེད།

རྩོམ་སྒྲིག་པ། སངས་བཀྲ།