ཟླ2པའི་ཚེས17ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། སྨན་གསོ་བདེ་ཐང་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས་སོགས་ཕྱོགས་ཀྱི་གསར་གཏོད་རྒྱབ་སྐྱོར་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚན་རྩལ་གྱི་ཐོབ་ཚོར་རྒྱུན་མ་ཆད་པར་ཇེ་མཐོར་བཏང་།
གྲོང་གསེབ་དར་སྤེལ་གྱི་ཚན་རྩལ་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་དམིགས་ནས། མ་དངུལ་དང་ལག་རྩལ། འཇོན་མི་སོགས་རྒྱུ་རྐྱེན་གཙོ་བོ་རྫོང་ཁོངས་སུ་བསྡུ་རུབ་བྱེད་པར་སྣེ་ཁྲིད་བྱས། ཚན་རྩལ་ཆེད་མངགས་པའི་གདམ་མངགས་དང་ཚན་རྩལ་ཆེད་མངགསཔའི་བྱ་བའི་ས་ཚིགས་འཛུགས་པའི་བྱ་བ་ལེགས་བསྒྱུར་བྱས་པ་དང་། ཚན་རྩལ་ཆེད་མངགསཔ་སྟོང་གཅིག་གདམ་མངགས་བྱས་ལ། ཚན་རྩལ་ཆེད་མངགས་པའི་བྱ་བའི་ས་ཚིགས་བརྒྱ་དང་བཅུ་གཏན་ཁེལ་བྱས་པ་དང་། ཚན་རྩལ་ར་བ་དྲུག་གསར་དུ་གཏན་ཁེལ་བྱས་ལ། མཚོ་སྔོན་གྱི་ཚན་རྩལ་ཆེད་མངགས་པས་གྲོང་གསེབ་དར་སྤེལ་ཐད་ཞབས་འདེགས་ཞུ་བའི་མ་དཔེ་གསར་བ་ཕྱོགས་ཡོངས་ནས་གསར་སྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་སྤུས་འདེགས་ནུས་སྤེལ་བྱེད་པར་རོགས་འདེགས་བྱས།
ཞིང་ཆེན་རིམ་པའི་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་མཐོ་སྒང་ནད་རིགས་གསོ་རིག་ལྟེ་གནས་སུ་ཡིག་ཐོག་སྙན་ཞུ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། མཐོ་སྒང་གི་གསོ་རིག་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་བཏང་། མདོ་དབུས་མཐོ་སྒང་གི་རྒྱུན་མཐོང་ཀླད་སྙིང་ཁྲག་རྩའི་ནད་རིགས་སྨན་བཅོས་ཐད་ཀྱི་གནད་འགག་ལག་རྩལ་དཔེ་སྟོན་མ་ལག་གི་ཞིབ་འཇུག་སྤེལ་བ་དང་། མཐོ་སྒང་ས་ཁུལ་གྱི་ཀླད་སྙིང་ཁྲག་རྩའི་ནད་རིགས་བརྟག་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཐོ་སྒང་གསོ་རིག་གི་ཞིབ་འཇུག་རྒྱུན་མཐུད་ངང་སྤེལ།
མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་དང་ཆེད་དོན་དོ་དམ་བྱེད་ཐབས་འགྲེམ་སྤེལ་བྱས་པ་དང་། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ནུས་པ་འཛུགས་སྐྲུན་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་རྟེན་གཞིའི་ནུས་པ་མཐོར་འདེགས་ལས་གཞི་ལག་བསྟར་བྱས། མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་གྲངས་རིག་གི་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་རྟེན་གཞི་ལ་རྒྱབ་རྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་ཆ་འཕྲིན་ཅན་གྱི་གཞི་གྲངས་འགྲེམ་ཁང་འཛུགས་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར། ཚན་རིག་ཚོད་ལྟའི་འགྲེམ་འཁྲབ་སོགས་ཚན་རྩལ་ཁྱབ་གདལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་གྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། ཚན་རྩལ་ཁྱབ་གདལ་གྱི་བྱ་བའི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་།