ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མེན་ཧོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་ལ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་རྗེས་ཕྱོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་ནས་ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་མེན་ཧོ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་མེན་ཧོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་ཞིབ་བཤེར་བྱས་ནས་བཏོན་པའི་གནད་དོན་དང་། ཞིང་ཆེན་ཏང་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་ཚུར་ལན་བསམ་འཆར་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་དང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཚུལ་བཅས་ཀྱི་བརྡ་ཁྱབ་སྤེལ། མེན་ཧོ་རྫོང་ཏང་ཨུའི་ཧྲུའུ་ཅིས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། ཚན་ཁག་གི་ཁོངས་མི་རེ་རེས་ཞིབ་བསྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད་བྱས་ནས་ཕན་ཚུན་ལ་སྐྱོན་བརྗོད་བསམ་འཆར་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི·རི་སུའུ་ལིས་ཧན་དང་། མཚོ་ཤར་གྲོང་ཁྱེར་ལྟ་སྐུལ་ཚན་ཆུང་བཞི་པའི་ཚན་གཙོས་དཔྱད་བརྗོད་སྤེལ།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་བརྗོད་དོན་གཙོ་བོར་དམ་པོར་སྦྲེལ་ཏེ། བྱ་བར་གྲ་སྒྲིག་བྱས་པ་གཟབ་ནན་ཡིན་པ་དང་། གནད་དོན་ཞིབ་འཇུག་གནད་ལ་འཁེལ་བ་དང་དབྱེ་ཞིབ་གཏིང་ཟབ་པ། སྐྱོན་བརྗོད་ལྷག་བསམ་རྣམ་དག་གིས་ཡོངས་བསྒྲགས་བྱེད་པ། བཅོས་སྒྲིག་བྱེད་ཐབས་དངོས་གནས་ལག་བསྟར་བཅས་བྱས་ཏེ། ཚད་གཞི་ནན་མོ་དང་བླང་བྱ་ནན་མོ། སྤྱོད་ཚུལ་བཟང་པོ་བཅས་ཀྱིས་ཁྱབ་པ་དང་། སྔོན་དཔག་གི་དམིགས་འབེན་འགྲུབ་པ་དང་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་པོ་ཐོན་ཡོད། རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཚན་ཁག་གི་ཁོངས་མིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། གནད་དོན་བཅོས་སྒྲིག་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་རྗེས་ཕྱོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མེན་ཧོ་རྫོང་ཏང་ཨུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་རང་ངོས་འཛུགས་སྐྲུན་ལ་དངོས་གནས་ཤུགས་བསྣན་ཏེ། ཚན་ཁག་གི་གསར་གཏོད་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་ཇེ་དྲག་ཏུ་བཏང་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མེན་ཧོ་ཡི་བྱ་བ་ལེགས་པར་བསྒྲུབ་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོའི་བསྐྱར་སྐྲུན་ཁྲོད་མངོན་པའི་སྙིང་སྟོབས་གཅིག་སྡུད་དང་དར་སྤེལ་ཡག་པོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་ལ་བཀའ་དྲིན་ཞུ་བ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། འཕྲིན་བཅར་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པ། ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོའི་བྱ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པར་སྒྲུབ་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་བྱེད་པ། མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་དང་དམ་པོར་བསྟུན་ནས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ཀྱིས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སྤྲོད་དགོས། གཙོ་གཞིའི་འགན་འཁྲི་མཐའ་མཇུག་ཏུ་དམ་འཛིན་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་སྒོས་འཁུར་ནས། རང་གཅུན་ནན་མོ་དང་འགན་འཁྲི་ནན་མོ། ཁོངས་གཏོགས་དོ་དམ་ནན་མོ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཞི་རིམ་ལ་ཐད་ཀར་སླེབས་པར་སྦྲེལ་མཐུད་བྱེད་པ་དང་། སྣེ་ཁྲིད་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པའི་བྱ་བར་ཤུགས་སྣོན་རྒྱུ་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱ་དགོས། ནུས་ཤུགས་གང་ཡོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སླར་གསོ་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དུ་གཏོང་བ། ཞིང་ལས་ཕྱོགས་ཡོངས་ནས་བརྟན་པོ་དང་བཟོ་ལས་སྟོབས་ཆེན་དུ་གཏོང་བ། ཞབས་ཞུའི་ལས་རིགས་ལ་གསོན་ཤུགས་བསྩོལ་བ་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ལྗང་མདོག་ཐོན་ལས་ཁྱུ་ཚོགས་བསྐྲུན་པ། ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མེན་ཧོའི་ཧུང་ཀུའུ་གསར་གཏོད་འཕེལ་རྒྱས་སྔོན་ཐོན་ཁུལ་འཛུགས་སྐྲུན་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས2025ལོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཏེ། མེན་ཧོ་རྫོང་གི་བྱ་བ་སྣ་ཚོགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་སུ་ཞུགས།