མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལའོ་ཏུང་ཁྲོན་གྱིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་རྟོག་ཞིབ་བྱས།

  2025-02-18 17:50:08 

ཟླ2པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་རྟོག་ཞིབ་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། བསྡུར་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ནུས་ལྡན་སྒོས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཅིག་སྡུད་བྱེད་པ། ཐོན་ལས་གསུམ་པའི་གསར་གཏོད་དང་ནུས་མཐོའི་འཕེལ་རྒྱས་མཉམ་འདྲེས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ལའོ་ཏུང་ཁྲོན་བཏུལ་ཐང་འོད་ནུས་གླིང་ཁུལ་རྨ་ཆུའི་ཆུ་འོད་མཉམ་འདྲེས་གློག་འདོན་ས་ཚིགས་ལ་སོང་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ས་ཚིགས་གཙོ་བོའི་སྒྲིག་བཀོད་དང་། འོད་ནུས་གློག་འདོན་ས་ཚིགས་ཀྱི་འཁོར་སྐྱོད་དོ་དམ་དང་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་བྱ་བར་ཤུགས་བསྣན་ནས། མུ་མཐུད་དུ་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས། ལའོ་ཏུང་ཁྲོན་གྱིས་འོད་ནུས་གླིང་ཁུལ་བསྐྲུན་ནས་སྔར་གྱི་ཐང་རྒོད་ཅན་གྱི་ས་ཞིང་གི་སྔོ་ཁེབས་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས་པ་དང་། དེའི་ཉེ་འཁོར་གྱི་འབྲོག་པ་ཚོས་ལུག་གསོ་སྐྱོང་ལ་བརྟེན་ནས་ཡོང་འབབ་འཕར་བའི་གནས་ཚུལ་གོ་རྗེས་དེར་ཁས་ལེན་གང་ལེགས་བྱས། ཁོས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་མཚོ་སྔོན་གྱི་ཉམས་མྱོང་ཞིབ་འཇུག་དང་ཕྱོགས་སྡོམ། ཁྱབ་གདལ་གཏོང་བ་དང་། འོད་ནུས་ཐོན་ལས་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་དང་ཐོན་ལས། འཚོ་བ་བཅས་མཉམ་རྒྱལ་ཡོང་བར་སྔར་ལས་གཅིག་འདོམས་སྐུལ་འདེད་གཏོང་དགོས་ཞེས་བཤད།
    ལའོ་ཏུང་ཁྲོན་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་གུང་ཧོའི་སྟོང་ཝ་ས་ཡ་གཅིག་གི་འོད་ནུས་ཚ་ནུས་ལས་གཞི་ལས་སྐྲུན་གྱི་ཡུལ་དངོས་ལ་སོང་ནས་ལས་གཞི་འཛུགས་སྐྲུན་མྱུར་ཚད་དང་རྒྱུ་རྐྱེན་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྐུལ་མ་བཏང་ནས། དུས་ལྟར་དུས་མཚམས་ཀྱི་དམིགས་འབེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཡུས་ཡུན་གློག་འདོན་ས་ཚིགས་སུ། ལའོ་ཏུང་ཁྲོན་གྱིས་གློག་འདོན་ས་ཚིགས་འཁོར་སྐྱོད་དོ་དམ་གནས་ཚུལ་ཞིབ་མོ་དྲིས་ནས། སྒྲིག་ཆས་རྒྱུ་ཆ་རང་བདག་གསར་གཏོད་བྱེད་པར་ཤུགས་སྣོན་པ་དང་། འོད་ནུས་དང་ཚ་ནུས་མ་ལག་འཁོར་སྐྱོད་ལས་ཆོད་དང་གློག་འདོན་ཐོན་ནུས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། དེང་རབས་བཟོ་ལས་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་བ་སྔར་ལས་མང་པོར་ཐག་ཉེ་ས་ནས་རྒྱལ་ཁབ་ཆེན་པོའི་ལས་གཞིའི་བརྗིད་ཉམས་ཚོར་དུ་བཅུག་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
    ཚ་རྔ་འགག་ཆུ་མཛོད་ཀྱི་ཆུ་སྤུས་ཐོན་ཁུངས་ལ་བརྟེན་ནས། ཉ་སཱན་བུན་དེ་རང་ཞིང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལའོ་ཏུང་ཁྲོན་ཚ་རྔ་ཀྲི་ཞན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟིར་སོང་ནས་ཉ་སཱན་བུན་གསོ་སྤེལ། ལས་སྣོན། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་འཕེལ་རྒྱས་ཀྱི་སྔོན་འགྲོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཁྲོམ་ར་ཞིབ་བགོ་བྱེད་པར་དམིགས་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། མཐོ་རིམ་བར་སྟོང་རྒྱ་བསྐྱེད་པ། ཚོང་རྟགས་ཀྱི་མིང་གྲགས་ཚད་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་། མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་ལ་བརྟེན་ནས་རྨ་ཆུའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་དེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པའི་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་པ་ནན་གྱིས་བསྟན།
    རྨ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཚ་རྔ་འགག་ཆུ་གློག་ས་ཚིགས་ལ་རྨ་ཆུའི་ཆུ་རགས་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད། ལའོ་ཏུང་ཁྲོན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འགྲེམ་སྟོན་ཁུལ་དུ་ཚ་རྔ་འགག་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཚ་རྔ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་ཇུས་འགོད་དང་ལས་སྐྲུན་བྱས་པའི་ཆུ་བེད་ཀྱི་འགག་རྩའི་ལས་གཞི་གལ་ཆེན་ཞིག་ཡིན་པས། དེའི་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། མི་སྔར་ལས་མང་པོར་རྒྱལ་ཁབ་ཀྱི་ཆུ་གློག་བྱ་གཞག་དེ་དཀའ་སྤྱད་འབད་འཐབ་ཁྲོད་
འཕེལ་རྒྱས་འགྲོ་བཞིན་པའི་ལོ་རྒྱུས་ཤེས་སུ་འཇུག་དགོས་པ་བསྟན། དེའི་རྗེས། ལའོ་ཏུང་ཁྲོན་མཛེས་ལྗོངས་ལྟ་ཞིབ་སྟེགས་བུ་དང་འཁོར་ཁང་གཙོ་བོའི་ཚོད་འཛིན་ལྟེ་གནས་བཅས་སུ་སོང་ནས་གློག་འདོན་ས་ཚིགས་ཀྱི་བཀོད་གཏོང་འཁོར་སྐྱོད་དང་བདེ་འཇགས་དོ་དམ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས།  ཁོས་ནུས་ཁུངས་བེད་སྤྱོད་ལས་ཕྱོད་ཇེ་མཐོར་གཏོང་བ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་སྡུད་སྒོས་བེད་སྤྱོད་བྱེད་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་དང་ཆུ་གློག་སྙོམས་སྒྲིག་ནུས་པ་བཅས་མཐོ་རུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་འདེགས་སྐྱོར་བྱེད་པའི་ཐད་བྱེད་ནུས་སྔར་ལས་ཆེན་པོ་འདོན་དགོས་པ་ནན་གྱིས་བསྟན།

ཀྲང་ཅིན་ཀང་དང་ལོས་ཀང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།