ཚེས14ཉིན་གྱི་དགོང་མོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧ་ཨར་པིན་དུ་རྒྱལ་ཁའི་ངང་གྲོལ།
ཚེས14ཉིན་གྱི་དགོང་མོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧ་ཨར་པིན་དུ་རྒྱལ་ཁའི་ངང་གྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་མཇུག་སྒྲིལ་མཛད་སྒོར་ཞུགས།
འདས་ཟིན་པའི་ཉིན་བརྒྱད་ཀྱི་རིང་། ཨེ་ཤ་ཡའི་རྒྱལ་ཁབ་དང་ས་ཁུལ34ནས་ཡོང་བའི་ལུས་རྩལ་པ1200ལྷག་གིས་འདི་གར་རང་ཉིད་ཀྱི་རྩལ་ནུས་འདོན་པ་དང་ཉམས་འགྱུར་མངོན་པ། ཕུགས་འདུན་དོན་གཉེར་བྱེད་པ། མཛའ་བརྩེ་ཐོབ་པ་བཅས་བྱས་ཏེ། རྩལ་འགྲན་ཆུ་ཚད་མཐོ་བ་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས། ཨེ་ཤ་ཡའི་གངས་འཁྱགས་ལུས་རྩལ་གྱི་འོད་སྟོང་གསར་པ་བྲིས། ཀྲུང་གོས“ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྩེད་ཁང་གི་སྒྲིག་ཆས་རྩེ་གྲ་དང་ཕུལ་དུ་བྱུང་བའི་རྩ་འཛུགས་ཞབས་ཞུ་ལ་བརྟེན་ནས་ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ་ཡོད།
ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ32དང་བྱ་དགའི་རྟགས་མ85ཐོབ་པ་དང་། གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མའི་མིང་ཐོ་ཨང་དང་པོར་སླེབས་ཡོད།
མཇུག་སྒྲིལ་མཛད་སྒོའི་སྟེང་། ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཀྲི་ཏན་དང་། ཨེ་ཤ་ཡའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧའོ་ཀྲིན་ཐིན་གཉིས་ཀྱིས་ཤིས་ཚིག་ཕུལ། ཧའོ་ཀྲིན་ཐིན་གྱིས་ཧ་ཨར་པིན་གྱི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས་པར་མ་ཟད། ལོ་བཞིའི་རྗེས་སུ་སོ་ཏི་ཨ་རབ་ཀྱི་འབྱུང་འགྱུར་གྲོང་ཁྱེར་གསར་པའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པར་ཡང་བསྐྱར་མཉམ་འཛོམས་བྱ་རྒྱུའི་གདན་འདྲེན་ཞུས།
དེའི་རྗེས་ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་བརྒྱུད་སྤྲོད་མཛད་སྒོ་སྤེལ།
སོ་ཏི་ཨ་རབ་འབྱུང་འགྱུར་གྲོང་ཁྱེར་གསར་པས་ལྟད་མོ་བ་ཚོར་སྐར་མ་བརྒྱད་ཀྱི་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས།
གློག་བརྙན་ཐུང་ངུ《སླེབས་སྐབས་གངས་འཁྱག་དང་གྱེས་སྐབས་དཔྱིད》ཅེས་པ་འཆར་རྗེས། ཚོགས་ཁང་གཙོ་བོའི་ནང་གི་པཱ་ལིའི་ཞབས་བྲོའི་མི་སྣ་དང་གློག་སྒྲོན་འཁྱེར་ཡོད་པའི་བྱིས་པ་ཚོས་འཁྲབ་སྟོན་བྱས།
མཇུག་སྒྲིལ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏེན་དང་ཁུའུ་ཁི་གླིང་ཚོམ་གྱི་ཙུང་ལི་པུའུ་ལང་བཅས་ཡོད།
ཝུའུ་ཀྲིན་ལུང་དང་ཧྲིན་དབྱི་ཆིན་མཇུག་སྒྲིལ་མཛད་སྒོར་ཞུགས།
ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས།