མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་དབྱི་ཡིས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་དཔོན་པོ་སེ་པི་ཅཱ་ལ་ཐུག་འཕྲད་བྱས།

  2025-02-16 21:20:42 

ས་གནས་དེ་གའི་ཟླ2པའི་ཚེས15ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་སྐབས་གདན་ཞུས་ལྟར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་དཔོན་པོ་སེ་པི་ཅཱ་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་མཛའ་མཐུན་ལ་སྲོལ་རྒྱུན་གྱི་རྨང་གཞི་ཡོད་དེ། རྒྱལ་ཁབ་གཉིས་ཀྱིས2011ལོར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་ནི་ཝུའུ་ཁི་ལན་གྱི་ཆེས་ཆེ་བའི་ཚོང་དོན་གྲོགས་པོ་ཡིན་ལ། འདི་ནི་མིག་སྔའི་གནས་བབ་འོག་ཏུ་ཐོབ་དཀའ་བ་ཞིག་ཡིན་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་སྦས་ཤུགས་དང་བར་སྟོང་མཚོན་པར་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྲོགས་པོར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་ཡུན་རིང་ལྟ་ཚུལ་བཟུང་བར་མ་ཟད་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བར་སྐུལ་འདེད་བཏང་བ་དང་། ཝུའུ་ཁི་ལན་ཕྱོགས་དང་མཉམ་དུ། ཕན་མེད་རྒྱུ་རྐྱེན་སེལ་ཐབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་བཏང་སྟེ། དངོས་གཉེར་མཉམ་ལས་སྤེལ་འདོད་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཀྲུང་གོའི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་པར་བསྟན།

ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་ནས་ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་ཞི་མོལ་གྱི་ཆེད་དུ་འབད་ཀྱིན་ཡོད། དངོས་ཡོད་དང་གནས་བབ་འཕེལ་རྒྱས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འོས་པ་བཞི་དང་བསམ་གཞིགས་གཏོང་གནད་གསུམ་སོགས་ཀྱི་རྩ་དོན་ལས་དྲང་བདེན་དང་དངོས་གཉེར་གྱི་བཞེད་ཚུལ་བསྟན་ཡོད་པ་ཡང་བསྐྱར་བདེན་དཔང་བྱས། ང་ཚོས་དེ་མུ་མཐུད་དུ་གཞི་འཛིན་ས་བྱས་ནས། ཆབ་སྲིད་ཀྱི་ཉམས་ཉེན་ཐག་གཅོད་པ་དང་ཞི་བདེ་མངོན་འགྱུར་ཡོང་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཞི་བདེ་མངོན་འགྱུར་ཡོང་བར་འབད་པ་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་དང་ཡུན་རིང་། ཚོད་འཛིན་ནུས་པ་ལྡན་པ། དོ་བདག་ཕྱོགས་ཡོངས་ཀྱིས་དང་ལེན་ཐུབ་པ་བཅས་ཀྱི་ཞི་བདེའི་གྲོས་ཆོད་འགོད་པའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་པའི་ཞི་བདེའི་མཛའ་མཐུན་ཚན་ཆུང་དང་མཉམ་དུ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་རྒྱུ་ཡིན་ཟེར།

སེ་པི་ཅཱ་ཡིས་བསྟན་དོན། ཝུའུ་ཁི་ལན་དང་ཀྲུང་གོས་འབྲེལ་གཏུག་དང་འབྲེལ་འདྲིས་སྲུང་འཛིན་བྱས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཟབ། ཝུའུ་ཁི་ལན་དང་ཀྲུང་གོའི་མཉམ་ལས་ཐད་གཉིས་ཕན་མཉམ་རྒྱལ་བྱུང་བས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཐོབ་ཡོད། ཝུའུ་ཁི་ལན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོའི་ཕྱོགས་དང་མཉམ་དུ་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལས་ཁུངས་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཝུའུ་ཁི་ལན་གྱིས་ཀྲུང་གོའི་རྒྱལ་ཁབ་ཆེན་མོའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོའི་ཕྱོགས་ཀྱིས་དངོས་ཡོད་དོ་སྙོམས་ལངས་ཕྱོགས་གཞིར་བཟུང་བར་བསྟོད་བསྔགས་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཕྱོགས་ཡོངས་དང་དྲང་གཞག རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཞི་བདེ་མངོན་འགྱུར་འབྱུང་བར་བྱེད་ནུས་གལ་ཆེན་འདོན་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།