ཟླ2པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧཱ་ཨར་པིན་དུ་ཀྲུང་གོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏེན་ལ་མཇལ་འཕྲད་གནང་།
ཟླ2པའ་ིཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧཱ་ཨར་པིན་དུ་ཀྲུང་གོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏེན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་འདྲེས་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། མཉམ་ལས་དམ་ཟབ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་རི་ལི་སུའུ་ཧི་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས། ཀྲུང་གོ་དང་མོང་གོལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་དམ་འཛིན་ནན་མོ་བྱས་ནས། ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཏེར་རྫས་དང་ནུས་རྒྱུ། སྦྲེལ་མཐུད་མཉམ་འབྲེལ། རྨང་གཞིའི་སྒྲིག་ཆས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མིས་བཟོས་རིག་ནུས་དང་ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ་ཧུར་ཐག་གིས་དངོས་སྒྲུབ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མི་གཞུང་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ཚོས་བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཀྲུང་གོས་མོང་གོལ་རྒྱལ་ཁབ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཞི་བདེ་དང་མཐུན་སྒྲིལ། མཉམ་ལས་བཅས་ཀྱི་ཐུན་མོང་རིན་ཐང་དོན་གཉེར་བརྟན་སྲུང་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་ས་ཁུལ་ཞི་བདེ་བརྟན་བརླིང་འཕེལ་རྒྱས་ཡོང་བར་མཉམ་དུ་སྲུང་སྐྱོང་དང་སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་ཁེ་ཕན་སྲུང་སྐྱོང་ལེགས་པོ་བྱེད་འདོད་ཡོད།
ཨའོ་ཡུན་ཨི་ཨར་ཏེན་གྱིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ལེགས་འགྲུབ་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། དེས་ཨེ་ཤ་ཡའི་རིན་ཐང་སྔར་ལས་དར་སྤེལ་གཏོང་བ་དང་ཨེ་ཤེ་ཡའི་སྐད་གྲགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་པའི་ཡིད་ཆེས་ཡོད། མོང་གོལ་དང་ཀྲུང་གོ་ནི་རྟག་བརྟན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་མཉམ་གནས་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཡུན་རིང་བརྟན་བརླིང་གི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་ཨང་དང་པོ་ཡིན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ་མོང་གོལ་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་གྱི་གྲོས་མགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། དཔལ་འབྱོར་ཚོང་དོན་དང་འབྲེལ་མཐུད་མཉམ་འབྲེལ། ནུས་ཁུངས། ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མོང་གོལ་དང་ཀྲུང་གོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།
མཇལ་འཕྲད་ལ་ཞུགས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོའི་འགྲེམ་སྟོན་ལ་བདེན་དཔང་བྱས།
ཝུའུ་ཀྲིན་ལུང་དང་ཧྲིན་དབྱི་ཆིན་གོང་གསལ་གྱི་བྱེད་སྒོར་ཞུགས།