མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་ཞའོ་ཧུང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཚོགས་འདུའི་སྟེང་གཏམ་བཤད།

  2025-02-13 17:29:05 

ཟླ2པའི་ཚེས12ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་མཐར་ཕྱིན་ལོན་པར་བྱས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ། ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ལྷོད་གཡེང་བག་ཙམ་ཡང་མེད་པའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་དོ་དམ་ནན་མོ་ནས། ཉེན་རྟོག་བཅོས་སྐྱོང་ལས་དོན་ཟམ་མི་ཆད་པར་ཟབ་སྤེལ་བཏང་སྟེ། སྤྱི་བདེ་ལས་དོན་དེང་རབས་ཅན་དུ་འགྱུར་བར་ཆུ་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་དམག་དཔུང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་བཤད་བྱས།

ཝང་ཞའོ་ཧུང་གིས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པའི་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱ་བ་དམ་འཛིན་ཡག་པོ་བྱེད་པ། ཆབ་སྲིད་ལྟ་སྐུལ་དམ་འཛིན་ནན་མོ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དམ་འཛིན་ནན་མོ་བཅས་བྱས་ནས། ཉེན་རྟོག་པའི་ལྷག་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཇེ་དམ་དུ་གཏོང་བ་དང་། དྲང་ཕྱོགས་ཀྱི་སློབ་གསོར་ཤུགས་སྣོན་པ། ལྡོག་ཕྱོགས་ཀྱི་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ནན་མོ་བཅས་བྱེད་དགོས། སྤྱོད་ཚུལ་དང་རུལ་སུངས་ཀྱི་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་བཏང་སྟེ།“མཉམ་བཤེར”ལ་བརྟེན་ནས་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་མོ་གཅོད་དགོས།“མཉམ་བཅོས”ལ་བརྟེན་ནས་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་ཀྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོས་ཏེ། “ཞིབ་བཤེར”དང“བཅོས་སྐྱོང”ལ་བརྟེན་ནས་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་འབྱུང་སྲིད་པའི་འགྱུར་ལྡོག་ཅི་རིགས་བཀག་འགོག་བྱེད་དགོས། མང་ཚོགས་ཉེ་འཁོར་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྐྱོང་ནན་མོ་བྱས་ཏེ། མང་ཚོགས་ཀྱིས་ཐད་ཀར་ཚོར་ཐུབ་པའི་ཕན་འབྲས་གསར་པ་ཐོབ་པར་འབད་བརྩོན་བྱེད་དགོས། ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་གི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། མ་ལག་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་ཀྱི་རྩ་འཛུགས་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། སངས་བཀྲ།