ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་པར་འགྲེམས་བྱས་ནས། དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་དམག་ལས་ཁུངས10དང་དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་དམག་མི་སྒེར20ལ་གཟེངས་བསྟོད་བྱས།
བརྡ་ཁྱབ་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། དམག་ཡོངས་ཀྱི་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ཟབ་སྤེལ་བྱས་ལ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ཟབ་སྤེལ་བྱས་ཏེ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། རྒྱལ་ཁ་ཐོབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཞིང་། དམག་དོན་འཐབ་རྩོད་བློ་བརྟན་འགྱུར་མེད་དང་སྟབས་བསྟུན་ངང་སྤེལ་བ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་ཕན་འབྲས་ལྡན་པའི་ངང་བསྒྲུབས་ཏེ། དམག་དོན་འཐབ་རྩོད་ཀྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་པ་དང་། དཔའ་ངར་ཆེན་པོས་དངོས་དོན་དངོས་སྦྱོང་གི་གདོང་ལེན་བྱེད་པ། དཔའ་ངར་ཆེན་པོས་དམག་དོན་ཚན་རིག་ཞིབ་འཇུག་གི་མཐོ་རླབས་སུ་འགོ་ཕོད་པའི་ཧྲག་དམག་སྐོར་ཅིག་གསོ་སྐྱོང་བྱས་ཡོད་ཅེས་བསྟན།
བརྡ་ཁྱབ་ལས་དམག་དཔུང་ཡོངས་ཀྱི་དམག་དཔུང་གིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་མིག་དཔེ་རུ་བཟུང་སྟེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམིགས་ནས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བྱ་བར་དམ་འཛིན་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས། ཁེ་ཕན་བཅས་སུ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།