མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས།

  2025-02-13 17:28:46 

ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས8ཉིན་ཟི་ལིང་དུ་འཚོགས། ཚོགས་ཐོག་ཏུ2024ལོའི་ཞིང་ལས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔར་གྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ལ། 2025ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོར་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་འདོན་སྤྲོད་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ཐོན་ལས་དང་པོའི་འཕར་སྣོན་རིན་གྲངས་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཞིང་ལས་དངུལ་གཏོང་བརྟན་འཇགས་ངང་འཕར་སྣོན་བྱེད་པ་མངོན་འགྱུར་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་གོང་འཕེལ་གཏོང་བ། ཞིང་སྡེའི་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ། མིག་སྔར་དཔྱིད་དུས་ཀྱི་རྨོ་འདེབས་དང་གྲ་སྒྲིག་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་པ་དང་། འདེབས་འཛུགས་རྒྱ་ཁྱོན་གཏན་ཁེལ་བྱེད་པ། ས་བོན་དང་ལུད་རྫས། ཞིང་སྐྱི ཞིང་སྨན་སོགས་ཞིང་ལས་རྒྱུ་ཆའི་བཀོད་གཏོང་དང་མཁོ་འདོན་ལ་ཤུགས་སྣོན་པ། དུས་ཐོག་ཏུ་ཞིང་ལས་རྒྱུ་ཆ་རྫུན་བཟོ་བྱེད་པར་རྡུང་རྡེག་བྱེད་པ། ཞིང་ལས་འཕྲུལ་ཆས་དང་ལག་རྩལ་གྱི་འགན་སྲུང་ལ་ཤུགས་བསྣན་ནས། ལོ་ཧྲིལ་བོའི་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཐད་ནས་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། སངས་བཀྲ།