ཟླ2པའི་ཚེས8ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་མིན་ཡོན་ཅུའུ་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་སྡེ་ཁུལ་དང་ཧུང་ཧྲུའེ་གྲོང་རྡལ་ཅང་ཝན་སྡེ་བ་རུ་སོང་ནས་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྡེ་སྡོད་ལས་བྱེད་མི་སྣར་འཚམས་འདྲི་བྱས།
རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་ལྟ་ཞིབ་དང་ཡུལ་དངོས་འདྲི་གཅོད་སོགས་ཀྱི་རྣམ་པ་བརྒྱུད་དེ། གྲོང་གསེབ་འཆར་འགོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དར་སྤེལ། ཞིང་ཆེན་དམངས་ཆེན་སྡེ་སྡོད་བྱ་བའི་རུ་ཁག་གི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། གཅིག་ཤེས་ཀུན་གྲོལ་གྱིས་རང་ཞིང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་པའི་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་དང་ཉམས་ཉན་སར་ཞིབ་འཇུག་དང་ཐག་གཅོད་བཟང་བོ་བྱེད་པ། ལྷག་པར་དུ་ས་ཞིང་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་བ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བྱེད་དགོས། རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆ་ཚང་ཞིབ་ཕྲ་དང་ཁྱད་འཕགས་སྤུས་ལེགས། སྦྲེལ་མཐུད་ཟུང་འབྲེལ་དང་ཡོངས་སུ་ཁེབས་པའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཛུགས་དགོས་པ་དང་། དེ་དང་མཉམ་དུ་ད་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་བསྒྱུར་བྱེད་པར་ལྟ་སྐུལ་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་བྱེད་པ་དང་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་སོགས་ཕྱོགས་ནས་དམངས་ཆེན་གྱི་ཁག་ཁུར་དང་གྲུབ་འབྲས་མངོན་པར་བྱེད་དགོས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ནས། ལས་གཞི་ནང་འདྲེན་དང་མ་དངུལ་གཏོང་བ། ལག་བསྟར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་སྟོབས་ཤུགས་ཆེན་པོ་འདོན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སྡེ་སྡོད་བྱ་བའི་རུ་ཁག་གིས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་ལག་བསྟར་བཟང་བོ་བྱེད་པ། རོགས་སྐྱོར་འབྲེལ་འདྲིས་སྡེ་བ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།