མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

  2025-02-13 17:30:54 

ཟླ2པའི་ཚེས12ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་གཞི་རུ་བཟུང་སྟེ། གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དུས་རྣམ་ཀུན་ཏུ་ཏང་གཤིས་དབྱེ་ཞིབ་བྱེད་པ། གཟབ་ནན་གྱི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། བཅོས་སྒྱུར་བྱེད་ཐབས་དང་འབད་འཐབ་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་བསྟན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་གཉིས་པའི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་ཐོག་ཏུ་མཛུབ་སྟོན་བྱས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་གདེང་འཇོག་ཚད་མཐོན་པོ་བྱས། གྲོས་ཚོགས་སྔོན་དུ། ཆེད་དུ་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ལ། བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་རྒྱ་ཆེར་བྱས་ཤིང་། མི་སྒེར་གྱི་རང་སྦྱོང་དང་སེམས་གཏམ་གླེང་མོལ། སློབ་སྦྱོང་ཞིབ་འཇུག་སོགས་ནན་ཏན་གྱིས་སྤེལ་བ་དང་། གནད་དོན་ལ་ཞིབ་བཤེར་ཟབ་མོ་བྱས་ལ། དངོས་ཐོག་བདེན་འཚོལ་གྱིས་ཞིབ་བསྡུར་ཞིབ་བཤེར་རྒྱུ་ཆ་བྲིས་ནས་དམངས་གཙོ་འཚོ་བའི་གྲོས་ཚོགས་ལེགས་པོར་བསྡུ་ཆེད་གྲ་སྒྲིག་གང་ལེགས་བྱས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལས་འཚོལ་ཞིབ་བྱས་པའི་གནད་དོན་དག་ཐེར་དངོས་འབེབས་བྱས་པའི་གནས་ཚུལ་དང་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་དང་། སྣེ་ཁྲིད་ནས་མི་སྒེར་གྱིས་དབྱེ་ཞིབ། རང་འགུལ་སྒོས་སྐྱོན་བརྗོད་དང་ལེན་བཅས་བྱས། དེའི་རྗེས་སུ་མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་པས་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཚང་མས་གནད་དོན་ལ་ཞིབ་བཤེར་གནད་འཁེལ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། ཕན་ཚུན་ལ་ལྷག་བསམ་རྣམ་དག་གིས་སྐྱོན་བརྗོད་བྱས་ཤིང་། དག་ཐེར་བྱེད་ཐབས་བཏོན་པ་རྣམས་ལག་བསྟར་བྱེད་འོས་པས། བསམ་བློ་བརྗེ་རེས་དང་གནད་དོན་ཞིབ་དཔྱད། མཐུན་སྒྲིལ་ལ་ཤུགས་སྣོན། ཐུན་མོང་མཐོར་འདེགས་བཅས་ཀྱི་དམིགས་འབེན་ལེགས་འགྲུབ་བྱུང་།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མིས་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཁྲོད་ཏང་གཤིས་བློ་སྦྱོང་ཤུགས་དྲག་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བསྟུད་མར་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། ལག་ལེན་དུ་བསྟར་བ་བཅས་བྱས་ཏེ། ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ཐོག་མའི་དམིགས་འབེན་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་མོར་སྲུང་བ། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། གཏན་ཕབ་གཉིས་ལ་སྲུང་སྐྱོང་བརྟན་པོ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་སྟེང་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས། སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཁྲོད་ལས་སྒྲུབ་ལས་གཏོད་ཀྱི་ཁག་ཁུར་ཡོད་པར་བྱས་ཏེ། སྒྲུབ་པ་སྔོན་ལ་འཇོག་པ་དང་དཔའ་སྐྱེད་ཡར་བརྩོན་བྱེད་པ་རྒྱུན་འཁྱོངས་དང་། ལས་དོན་གཙང་མ་སྒྲུབ་པ་དང་ལས་དོན་སྒྲུབ་པའི་བློ་སྤོབས་ཡོད་པ། ལས་དོན་འགྲུབ་ཐུབ་པར་སྐུལ་མ་བཏང་སྟེ། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ལས་དོན་རེ་རེ་བཞིན་ལེགས་པོར་བསྒྲུབ་པ་དང་། ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་དམིགས་འབེན་རེ་རེ་བཞིན་ཡོངས་འགྲུབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་སྟེང་ཁག་ཁུར་གསར་པ་དང་བྱེད་ཕྱོགས་གསར་པ་མངོན་པར་བྱེད་དགོས། སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཁྲོད་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ཏེ། སྲིད་གཞུང་མ་ལག་གི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས་ལ། སྒྲིག་ཁྲིམས་གསོ་སྦྱོང་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ་དང་། གཞན་གཅུན་དེ་རང་གཅུན་དུ་བསྒྱུར་བ་དང་། ཉིན་རྒྱུན་རང་འགུལ་དུ་སྤྱོད་པའི་གཏམ་སྦྱོར་གྱི་ཚད་གཞི་རུ་བསྒྱུར་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་ཤུགས་དྲག་ཏུ་གཏོང་དགོས། སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཁྲོད་རང་ངོས་གསར་བརྗེའི་ཐད་སྔར་ལས་བློ་སྤོབས་བསྐྱེད་དེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་མཐའ་གཅིག་ཏུ་ཁུར་བ། རང་གཅུན་ནན་མོ་དང་འགན་འཁྲི་ནན་མོར་འཁུར་བ། ཁོངས་གཏོགས་ལ་དོ་དམ་ནན་མོ་བྱས་ནས། གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་དང་འགན་འཁྲི་རེ་རེ་བཞིན་དམ་དུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་མཇུག་མཐའི་ལེའུ་ཡག་པོར་འབྲི་ན་གནད་དོན་དག་ཐེར་ལས་དོན་ཇི་མ་ཇི་བཞིན་དམ་འཛིན་བྱས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། སངས་བཀྲ།