མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་བསྡུས།

  2025-02-12 15:36:54 

ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཟླ2པའི་ཚེས10ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། 2024ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་། ད་ལོའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། དག་སྲུང་གསར་གཏོད་དང་དངོས་སྒྲུབ་ལེགས་བརྩོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་གྱི་སྙིང་སྟོབས་དང་གཟབ་ནན་གྱི་ཚད་གཞི་རྩ་འཛུགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ལག་བསྟར་བྱེད་དགོས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་ཤུགས་སྒྲིལ་བློ་སྐྱེད་བྱེད་པ་དང་། བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོ་ཆེ་རུ་བསྐྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པར་སྐུལ་སློང་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན་དང་གཞི་རྩ་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཟབ་ནན་སྒོས་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱས་ཏེ། རྒྱུན་མཐུད་ངང་དུས་སྐབས་གསར་བའི་ཏང་ཡོན་གདོང་ལེན་རུ་ཁག་འཛུགས་སྐྲུན་བྱེད་དགོས། འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཇོན་མིའི་འདེགས་སྐྱོར་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས། ཚོགས་ཐོག་ཏུ། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་སྲུང་སྐྱོང་གཉིས་ཀྱི་སྣ་འདྲེན་བྱེད་པ་དང་། རྒྱུས་ལོན་ཆ་ཚང་བྱེད་པ་དང་བརྟག་བཤེར་ཞིབ་འཇུག་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པ། དོ་དམ་བཅོས་སྐྱོང་ནན་མོ་བྱེད་པར་སྔར་ལས་དོ་སྣང་བྱེད་པ། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོས་རྩ་འཛུགས་སྡེ་ཁག་གི་རང་ངོས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ལ་སྐུལ་འདེད་གཏོང་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། སངས་བཀྲ།